༢༠༠༩ ཕྱི་ཟླ་ ༧ ཚེས་ ༣༡ རེས་གཟའ་པ་སངས།
༄༅། །༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་པོ་ལན་ཌིར་ཉིན་གསུམ་གྱི་མཛད་འཕྲིན་རྣམས་ལེགས་པར་གྲུབ་རྗེས་ཇར་མན་གྱི་གྲོང་ཁྱེར་ཕེ་རང་ཕ་ཊ་ལ་ཆིབས་སྒྱུར་བསྐྱངས་ཡོད་།
དེ་ཡང་ཇར་མན་གྱི་ཚོགས་པ་ Tibethaus Deutschland e.V., Deutsche Buddhistische Union e.V. and Pagoda Phat Hue, a Vietnamese Buddhist community རྣམས་ཀྱི་ཇི་ལྟར་གདན་ཞུའི་གསོལ་འདེབས་ཞུས་པ་ལྟར་ཕྱི་ལོ་༢༠༠༩ ཟླ་ ༧ ཚེས་ ༢༩ ཉིན་༸ཞབས་སོར་འཁོད་སྐབས་ཧ་སེན་ (Hessen) མངའ་སྡེའི་སྤྱི་ཁྱབ་བློན་ཆེན་སྐུ་ཞབས་རོ་ལན་ཌ་ཀོ་ཅི་ (Mr Roland Koch) མཆོག་དང་བོད་རིགས་སྤྱི་མཐུན་ཚོགས་པའི་ཚོགས་མི། དེ་བཞིན་ (Vietnamese) ཚོགས་པའི་ཚོགས་མི་བཅས་ནས་གསོལ་མགྲོན་ཁང་དུ་སྣེ་ལེན་ཕེབས་བསུ་གཟབ་རྒྱས་ཞུས་ཡོད། ༸གོང་ས་མཆོག་དང་ཧ་སེན་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་མཆོག་ནས་གསར་འགོད་པ་གྲངས་ ༡༣༠ ཙམ་དང་དེ་བཞིན་པར་པ་མང་དག་ཅིག་ལ་གསར་འགོད་ལྷན་ཚོགས་ཤིག་ཀྱང་བསྐྱངས་ཡོད་པ་རེད།
ཕྱི་ཚེས་ ༣༠ ཉིན་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་སློབ་དཔོན་ཀ་མ་ལ་ཤཱིི་ལས་མཛད་པའི་སྒོམ་རིམ་བར་པའི་བཀའ་ཆོས་ཀོ་མར་བེཀ་ཨེ་རི་ན་ཚོམས་ཆེན་དུ་ (Commerzbank Arena Stadium) སྩལ་དང་སྩོལ་མུས་ཡིན་པའི་གནས་བསྡུས་སུ།