༢༠༠༩ ཕྱི་ཟླ་ ༧ ཚེས་ ༡༣ རེས་གཟའ་ཟླ་བ།
༄༅། །འདིར་གར་ཁུངས་ལྡན་གྱི་གནས་ཚུལ་འབྱོར་བར་གཞིགས་ན། ༢༠༠༩ ཕྱི་ཟླ་ ༧ ཚེས་ ༡༡ ཉིན་སེར་ཤུལ་རྫོང་ཁོངས་ཀྱི་(རྫ་ཆུ་ཁ་)ས་གནས་མང་པོ་ཞིག་ནང་རྒྱ་ནག་གཞུང་གིས་འབྲེལ་ཡོད་ཚན་པས་གསལ་བསྒྲགས་སྤེལ་ཏེ་མང་ཚོགས་ཀྱི་སྡོད་ཁང་ཡོངས་རྫོགས་འཕྲལ་དུ་གསར་རྒྱག་བྱེད་རྒྱུའི་ཆེད་རྒྱ་གཞུང་ནས་གྲོན་དངུལ་སྒོར་ཁྲི་གཅིག་སྤྲོད་རྒྱུ་དང་། དེ་འཕྲོས་རང་ཉིད་ནས་ཐབས་འཚོལ་གྱིས་སྡོད་ཁང་གསར་རྒྱག་བྱེད་འགོ་འཛུགས་དགོས་པའི་ཁྱབ་བསྒྲགས་བྱས་ཡོད་པར་བརྟེན། མང་ཚོགས་ནས་རང་ཉིད་ཀྱིས་རྔུལ་ཆུ་ལས་བསྐྲུན་པའི་ན་ནིང་དང་འདི་ལོ་གསར་དུ་བརྒྱབ་པ་མ་ཐག་པའི་སྡོད་ཁང་པ་མང་པོ་ཞིག་བཤིག་དགོས་ཀྱི་ཡོད་འདུག ཡིན་ནའང་རྒྱ་གཞུང་ནས་གྲོན་དངུལ་སྒོར་ཁྲི་གཅིག་གིས་འདང་མིན་ལ་མ་ལྟོས་པར་སྤྱི་ཡོངས་སྡོད་ཁང་གསར་རྒྱག་བྱེད་རྒྱུའི་ལས་གཞི་འཛུགས་དགོས་པའི་བཙན་བཀའ་བཏང་བ་དེར་ས་གནས་མང་ཚོགས་ཀྱིས་འདོད་མོས་མེད་པའི་བསམ་ཚུལ་ཤུགས་ཆེ་ཡོང་མུས་བཅས་ཀྱི་གནས་བསྡུས་སུ།