༢༠༠༩ ཕྱི་ཟླ་ ༧ ཚེས་ ༩ རེས་གཟའ་ཕུར་བུ།
བར་ལམ་ཤར་ཏུརྐིསྟན་ཏེ། ཤིན་ཅང་ནང་གནས་སྟངས་ཇེ་སྡུག་ཏུ་འགྲོ་བཞིན་པ་དང་། ལྷག་པར་མི་མང་པོའི་ཚེ་སྲོག་ཤོར་བའི་ཡིད་སྐྱོའི་གནས་ཚུལ་ཐོན་པར་བློ་འཚབ་དྲག་པོ་ཡོད།
ངོས་ནས་རྒྱ་ནག་གི་དབང་འཛིན་པ་ཚོར་གནས་ཚུལ་བྱུང་རྐྱེན་འདི་ཐད་གདོང་ལེན་གནང་སྐབས་ཕན་ཚུན་གོ་ཤེས་དང་། ཕུགས་བསམ་ལྡན་པའི་ཐོག་ནས་བཟོད་ཡངས་གནང་དགོས་པའི་ནན་སྐུལ་བྱ་རྒྱུ་ཡིན།
དོན་རྐྱེན་འདིའི་ཁྲོད་ཚེ་སྲོག་ཤོར་བ་རྣམས་དང་། ཁོང་ཚོའི་རྗེས་ཤུལ་ནང་མི། དེ་བཞིན་གནོད་འཚེ་ཕོག་པ་གཞན་དག་བཅས་ཀྱི་ཆེད་དུ་མཆོག་གསུམ་གསོལ་འདེབས་བྱ་རྒྱུ་བཅས།
ཏཱ་ལའི་བླ་མས།
ཕྱི་ལོ་ ༢༠༠༩ ཟླ་ ༧ ཚེས་ ༨ ལ།།