༢༠༠༩ ཕྱི་ཟླ་ ༦ ཚེས་ ༡༡ རེས་གཟའ་ཕུར་བུ།
༄༅། །འདི་ལས་སུ་མུ་མཐུད་གནས་ཚུལ་འབྱོར་བར་གཞིགས་ན། ཕྱི་ཟླ་ ༥ ཚེས་ ༡༤ ཉིན་བླ་བྲང་དགོན་པའི་དགེ་འདུན་པ་རང་ལོ་ ༣༥ སོན་པ་བརྩོན་འགྲུས་རྒྱ་མཚོ་དང་། རང་ལོ་ ༣༨ ལ་སོན་པ་བསོད་ནམས་རྒྱ་མཚོ་གཉིས་སངས་ཆུ་རྫོང་སྤྱི་བདེ་ཉེན་རྟོག་པས་རང་ཤག་ནས་ཉེན་རྟོག་ལས་ཁུངས་སུ་འགྲོ་དགོས་ཚུལ་བཤད་དེ་འཛིན་བཟུང་བྱས་རྗེས་བཀག་ཉར་བྱས་ཏེ་ད་ལྟའི་ཆར་གནས་སྟངས་ཇི་ཡིན་ཤེས་རྟོགས་མེད་པར་གྱུར་ཡོད་འདུག ཁོང་གཉིས་ ༢༠༠༨ ཕྱི་ཟླ་ ༣ པའི་ནང་བླ་བྲང་དུ་ཞི་རྒོལ་སྐབས་འབྲེལ་ཡོད་ལ་བསྙད་དེ་དུས་ཡུན་ཟླ་བ་བཞི་ཙམ་རིང་བཀག་ཉར་བྱས་ཡོད། འདི་ལོ་ཁོང་གཉིས་འཛིན་བཟུང་བྱས་ཏེ་ཉིན་བཅུའི་རིང་བཀག་ཉར་བྱས་རྗེས་གློད་བཀྲོལ་བཏང་བའི་གནས་ཚུལ་ཐོན་འདུག