༢༠༠༩ ཕྱི་ཟླ་ ༥ ཚེས་ ༡༢ རེས་གཟའ་མིག་དམར།
༄༅། །འདི་གར་ཁུངས་ལྡན་གྱི་གནས་ཚུལ་འབྱོར་བར་གཞིགས་ན། ཕྱི་ཟླ་ ༥ ཚེས་ ༧ ཉིན་རྔ་པ་རྫོང་གཅའ་ཞང་སྟར་རིང་ཚང་གི་བུ་ཆེ་བ་འཇམ་དཔལ། རང་ལོ་ ༢༩ ། ཆུང་བ་བླ་མ། རང་ལོ་ ༢༣ ཡིན་པ་ཁོང་གཉིས་ལ་རྔ་པ་ཁུལ་མཛོད་དགེ་རྫོང་ཁྲིམས་ཁང་ཞིག་ནས་ལོ་ ༤ རེའི་དུས་བཀག་བཙོན་འཇུག་ཁྲིམས་ཐག་བཅད་ཡོད་པ་དང་།
དེ་བཞིན་གཅའ་ཞང་སྐྱ་འཇིགས་ཚང་གི་བུ་རྣམ་ཁོ། རང་ལོ་ ༢༧ ཡིན་པ་ཁོང་ལ་ལོ ༣ གྱི་བཙོན་འཇུག་ཁྲིམས་ཐག་བཅད་ཡོད་འདུག་ལ་ད་ལྟ་ཁོང་གསུམ་མཛོད་དགེ་རྫོང་དུ་ཡོད་ནའང་། མི་རིང་བར་ས་གནས་གཞན་དུ་སྤོ་བསྒྱུར་བྱ་རྒྱུ་ཡིན་འདུག་ཅིང་། གོང་གསལ་གསུམ་པོ་ནི་སྔ་ལོའི་ཞི་རྒོལ་ནང་མཉམ་ཞུགས་བྱས་པའི་དོགས་གཞིའི་འོག་རྔ་པ་རྫོང་སྤྱི་བདེ་ཉེན་རྟོག་པས་ཕྱི་ལོ་ ༢༠༠༨ ཟླ་ ༨ ཚེས་ ༡༡ ཉིན་མཚན་མོ་འཛིན་བཟུང་བྱས་པའི་གྲས་ཡིན་འདུག