༢༠༠༩ ཕྱི་ཟླ་ ༥ ཚེས་ ༡༢ རེས་གཟའ་མིག་དམར།
༄༅། །འདི་གར་ཁུངས་ལྡན་གྱི་གནས་ཚུལ་འབྱོར་བར་གཞིགས་ན། ཟླ་ ༤ ཚེས་ ༡༣ ཉིན་བླ་བྲང་དགོན་ཐོས་བསམ་གླིང་གྲྭ་ཚང་གི་དགེ་འདུན་པ་རང་ལོ་ ༣༦ ལ་སོན་པའི་སྐལ་བཟང་རྒྱ་མཚོ་ལགས་བསངས་ཆུ་རྫོང་སྤྱི་བདེ་ཉེན་རྟོག་པས་བླ་བྲང་ནས་གཙོས་གྲོང་ཁྱེར་དུ་བསྐྱོད་སྐབས་ལམ་བར་རླངས་འཁོར་ནང་ནས་འཛིན་བཟུང་བྱས་ཏེ་བསངས་ཆུ་རྫོང་བཙོན་ཁང་དུ་བཀག་ཉར་བྱེད་བཞིན་ཡོད་པའི་གནས་ཚུལ་ཐོན་འདུག ཁོང་ནི་སྔ་ལོའི་ཟླ་ ༤ ཚེས་ ༩ ཉིན་རྒྱ་ནག་གཞུང་འབྲེལ་ཆེད་གཏོང་བྱས་པའི་གསར་འགོད་པའི་མདུན་བོད་ཀྱི་རྒྱལ་དར་འཕྱར་ཏེ་ངོ་རྒོལ་སྐད་འབོད་གནང་མཁན་གྱི་གྲས་ནས་གཅིག་ཡིན་པ་རེད།།