ཕྱི་ལོ་ ༢༠༠༩ ཟླ་ ༤ ཚེས་ ༢༢ རེས་གཟའ་ལྷག་པ།
༄༅། །བཙན་བྱོལ་བོད་མིའི་བཅའ་ཁྲིམས་དོན་ཚན་བཞི་བཅུ་པ་ནང་གསལ་ལྟར་འཆར་འབུལ་ཕྱག་རྟགས་རིན་པོ་ཆེ་སྤྱི་སྩལ་དགོངས་དོན། སྐབས་བཅུ་བཞི་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་བརྒྱད་པ་ཕྱི་ལོ་ ༢༠༠༩ ཕྱི་ཟླ་ ༩ ཚེས་ ༧ རེས་གཟའ་ཟླ་བ་ནས་ཕྱི་ཟླ་ ༩ ཚེས་ ༡༩ རེས་གཟའ་སྤེན་པ་བར་ལས་དུས་ཉིན་གྲངས་བཅུ་གཉིས་རིང་བཞུགས་སྒར་སྤྱི་འཐུས་ཚོགས་ཁང་དུ་འཚུག་གཏན་འཁེལ་སོང་ན་ཚོགས་མི་རྣམས་དུས་ཐོག་ཚོགས་བཅར་ཐོག སྤྱི་འཐུས་རྣམས་ཕྱི་ཟླ་ ༩ ཚེས་ ༥ ཉིན་ཚོགས་དྲུང་ལས་ཁུངས་སུ་ངོ་བཅར་འབྱོར་ཐོ་འགོད་འབུལ་དགོས་པ་བཅས་ཀྱི་ཚོགས་བརྡ་གསལ་བསྒྲགས་སུ།
ཚོགས་དྲུང་ལས་ཁུངས་ནས་༢༠༠༩ ཕྱི་ཟླ་ ༤ ཚེས་ ༢༢ ལ།།