ཕྱི་ལོ་ ༢༠༠༩ ཟླ་ ༤ ཚེ་ ༡༥ རེས་གཟའ་ལྷག་པ།
༄༅། །བོད་མི་མང་སྤྱི་འཐུས་ཚོགས་གཞོན་རྒྱ་རི་སྒྲོལ་མ་མཆོག ༢༠༠༩ ཕྱི་ཟླ་ ༤ ཚེས་ ༡༤ ཉིན་གངས་སྐྱིད་ནས་པ་ཀོར་བརྒྱུད་ལྡི་ལིར་ཕེབས་ཐོན་གྱིས་ཕྱི་ཟླ་ ༥ ཚེས་ ༡ བར་ཉིན་གྲངས་ ༡༨ རིང་གཞུང་འབྲེལ་ཕྱོགས་བསྐྱོད་གནང་རྒྱུ་རེད་འདུག དེ་ཡང་ཕྱི་ཚེས་ ༡༥ ནས་ ༡༨ བར་རྡོར་གླིང་འབོ་དཀར་ངེས་དོན་ཆོས་འཁོར་གླིང་གི་བཤད་གྲྭ་གསར་བཞེངས་ཀྱི་རྙོག་གྲའི་ཐོག་སྐུ་ངོ་ཚོགས་གཞོན་མཆོག་དང་སྤྱི་འཐུས་བསོད་ནམས་དགྲ་འདུལ་ལགས་རྣམ་གཉིས་རྒྱ་གར་དབུས་གཞུང་ལས་ཁུངས་ཀྱི་མི་སྣ་དང་མཇལ་འཕྲད་གནང་རྒྱུ་དང་། ཕྱི་ཚེས་ ༢༠ ཉིན་ལྡི་ལི་ནས་ཕེབས་ཏེ་ཚེས་ ༢༡ ཉིན་ཨི་ཊ་ལིར་ཕེབས་འབྱོར་གྱིས་ཕྱི་ཚེས་ ༢༢ ནས་ ༢༦ བར་ཉིན་གྲངས་ ༥ རིང་ཨི་ཊ་ལི་ས་ཁུལ་ཏུ་རིན་ (Turin) དང་། སི་སལ་ལི་ (Sicily) བཅས་སུ་ (Piedmonte) པི་ཌ་མོན་ཌི་ས་གནས་གྲོས་ཚོགས་དང་(Association di communi. Province, Regionai per il Tibet)ནས་Democracy and Human rights; the case of tibet)ཞེས་པའི་ཚོགས་འདུའི་ནང་མཉམ་ཞུགས་ཀྱིས་གསུང་བཤད་ཀྱང་གནང་རྒྱུ་ཡིན་འདུག དེ་ནས་ཕྱི་ཚེས་ ༢༧ དང་ ༢༨ ཉིན་གྲངས་ ༢ རིང་ཨི་ཊ་ལིའི་རྒྱལ་ས་རོམ་དུ་(Inter Parliamentary Group On Tibet, Italy and Nonviolent Radical Party, Transnational and Transparty)ནས་གོ་སྒྲིག་འོག་དེ་ཁུལ་གྱི་གྲོས་ཚོགས་འཐུས་མི་རྣམས་དང་ཐུག་འཕྲད་གནང་རྒྱུ་དང་། ཕྱི་ཚེས་ ༢༩ ཉིན་རྒྱལ་ས་རོམ་ནས་ཕྱིར་ཐོན་གྱིས་ཕྱི་ཟླ་ ༥ ཚེས་ ༢ ཉིན་རྡ་སར་ཕེབས་འབྱོར་གནང་རྒྱུ་ཡིན་འདུག་པ་བཅས་ཀྱི་གནས་བསྡུས་སུ།