ཕྱི་ལོ་ ༢༠༠༩ ཟླ་ ༣ ཚེས་ ༢༤ རེས་གཟའ་མིག་དམར།
༄༅། །འདི་གར་ཁུངས་ལྡན་གྱི་གནས་ཚུལ་འབྱོར་བར་གཞིགས་ན། ཕྱི་ལོ་ ༢༠༠༩ ཟླ་ ༣ ཚེས་ ༢༣ ཉིན་ནི་སྡེ་དགེ་རྫོགས་ཆེན་དགོན་པའི་ཕུར་ཆེན་ཞེས་པའི་ཆོས་ཕྱོགས་ཀྱི་བྱེད་སྒོ་སྤེལ་བའི་དུས་ཚོད་གལ་ཆེ་ཤོས་ཤིག་ཡིན་པ་ལྟར། མི་མང་འདུ་ཚོགས་ཆེ་ཤོས་ཡིན་པའི་ཆོས་ཕྱོགས་ཀྱི་བྱེད་སྒོ་སྤེལ་གྱི་ཡོད་སྟབས་ཕྱི་ཚེས་ ༢༢ དགོང་དྲོ་རྫོགས་ཆེན་ཤང་དང་དགོན་པའི་གཡས་གཡོན་གྱི་ལམ་ཁ་ཡོངས་ལ་བོད་རང་བཙན་སྐོར་གྱི་སབྱར་ཡིག་ཕོན་ཆེ་རླུང་རྟ་དང་མཉམ་དུ་གཏོར་ཡོད་པ་དང་། སབྱར་ཡིག་དེ་དག་ནི་ཤིང་དཔར་ཐོག་བརྐོས་ཏེ་དཔར་བཏབ་པ་ཞིག་ཡིན་འདུག་ཅིང་། སྦྱར་ཡིག་དེ་བཞིན་མང་ཚོགས་ཕན་ཚུན་སྤྲོད་རེས་བྱས་ཏེ་ད་ལྟ་ཁྱོན་ཆེ་འགྲེམས་སྤེལ་བྱེད་བཞིན་པར་བརྟེན་ས་གནས་དེར་གནས་སྟངས་ཛ་དྲག་ཅན་དུ་འགྱུར་བཞིན་ཡོད་འདུག