ཕྱི་ལོ་ ༢༠༠༩ ཟླ་ ༣ ཚེས་ ༡༤ རེསགཟའ་སྤེན་པ།
༄༅། །འདི་གར་ཁུངས་ལྡན་གྱི་གནས་ཚུལ་འབྱོར་གསལ་ལྟར་ན། ཕྱི་ལོ་ ༢༠༠༩ ཕྱི་ཟླ་ ༣ ཚེས་ ༦ ཉིན་དགེ་འདུན་པ་ན་གཞོན་གཉིས་ནས་སྐྱེ་རྒུ་མདོ་རྫོང་དུ་ཞི་བའི་ངོ་རྒོལ་སྐད་འབོད་བྱས་པ་དང་འབྲེལ་ཡིག་ཆ་འགྲེམས་གཏོར་ཡང་བྱས་འདུག
སྐད་འབོད་བྱས་རྗེས་དགེ་འདུན་པ་གཉིས་པོ་ཉེན་གཡོལ་ཆེད་བྲོས་བྱོལ་ཕྱིན་ཏེ་འཛིན་བཟུང་བྱ་ཐུབ་མེད་ཀྱང་། དགེ་འདུན་པ་གཉིས་ནས་ཡིག་ཆ་གཏོར་འགྲེམས་བྱས་པ་དེ་དག་བསྒྲུགས་ཏེ་བདག་ཉར་བྱས་པའི་ཉེས་མིང་འོག་ཕོ་གཞོན་བཞི་ཙམ་ཕྱི་ཟླ་ ༣ ཚེས་ ༨ ཉིན་རྫོང་སྤྱི་བདེ་མི་སྣས་འཛིན་བཟུང་བྱས་ཡོད་འདུག དགེ་འདུན་པ་གཉིས་པོ་འཛིན་བཟུང་བྱ་ཐུབ་མེད་ཀྱང་ཁོང་གཉིས་པོའི་འདྲ་དཔར་ཉེན་རྟོག་པས་ཉར་ཏེ་ས་ཕྱོགས་གང་སར་བརྩད་གཅོད་བྱེད་བཞིན་ཡོད་པའི་གནས་ཚུལ་ཐོན་འདུག