ཕྱི་ལོ་ ༢༠༠༩ ཟླ་ ༣ ཚེས་ ༢༣ རེས་གཟའ་ཟླ་བ།
༄༅། །འདི་ག་ལས་ཁུངས་སུ་ཁུངས་ལྡན་གནས་ཚུལ་འབྱོར་བར་གཞིགས་ན། མགོ་ལོག་ར་རྒྱ་དགོན་པར་ཕྱི་ལོ་ ༢༠༠༩ ཟླ་ ༣ ཚེས་ ༡༠ ཉིན་རྒྱ་མིའི་རྒྱལ་དར་མར་ཕབ་སྟེ་བོད་རྒྱལ་ཁབ་ཆེན་པོའི་རྒྱལ་དར་ཡར་བསྒྲེངས་བཙུགས་བྱས་ཡོད་པར་བརྟེན་དགོན་དེའི་དགེ་འདུན་པ་ཁག་གཅིག་རྒྱ་མིའི་ཉེན་རྟོག་པས་བཀག་ཉར་བྱས་ཡོད་ཁོངས་ནས་དགེ་འདུན་པ་ཁག་གཅིག་ཕྱི་ལོ་ ༢༠༠༩ ཟླ་ ༣ ཚེས་ ༢༡ ཉིན་བྲོས་བྱོལ་དུ་སོང་བའི་ཁོངས་ནས་ཐུན་ཏེ་རྫོང་ཁོངས་མགར་རྩེ་ནས་ཡིན་པ་ར་རྒྱ་དགོན་པའི་གྲྭ་བཀྲ་ཤིས་བཟང་པོ་ལགས་རྨ་ཆུའི་ནང་མཆོངས་ཏེ་རང་ཤི་བརྒྱབ་ཡོད་འདུག ཕུང་པོ་ད་ལྟ་རྙེད་སོན་བྱུང་མེད་ཀྱང་གནས་ཚུལ་དེས་རྐྱེན་པས་ཕྱི་ཚེས་ ༢༡ ཉིན་གྱི་དགོང་དྲོ་རྒྱ་མིའི་ཆུ་ཚོད་ ༧ ཙམ་ལ་ས་ཁུལ་དེའི་བོད་རིགས་མང་ཚོགས་སྟོང་ཕྲག་ལྷག་ཙམ་འདུ་འཛོམས་ཀྱིས་ངོ་རྒོལ་དང་འབྲེལ་རྫོང་ཉེན་རྟོག་ལས་ཁུངས་སུ་སོང་ནས་ཉེན་རྟོག་པ་དང་འཁྲུག་འཛིང་བྱུང་སྟེ་ཁུལ་དེར་ད་ལྟ་གནས་སྟངས་ཛ་དྲག་ངང་གནས་ཡོད་འདུག