ཕྱི་ལོ་ ༢༠༠༩ ཟླ་ ༣ ཚེས་ ༡༤ རེསགཟའ་སྤེན་པ།
༄༅། །འདི་གར་ཁུངས་ལྡན་གྱི་གནས་ཚུལ་འབྱོར་གསལ་ལྟར་ན། ཕྱི་ལོ་ ༢༠༠༩ ཕྱི་ཟླ་ ༢ ཚེས་ ༢༦ ཉིན་ནག་ཆུ་རྫོང་ཉི་མ་ཤང་མི་དམངས་སྲིད་གཞུང་གི་གཞུང་སྒོའི་གྱང་ལྡེབས་སུ་བོད་རང་བཙན་སྐོར་གྱི་ཡིག་ཆེན་ལྕགས་རྩི་སྔོན་པོས་གང་སར་བྲིས་པའི་གནས་ཚུལ་ཐོན་རྐྱེན་ད་ལྟ་ས་གནས་འབྲེལ་ཡོད་སྤྱི་བདེ་ཚན་པས་རྫོང་དང་ཐག་ཉེ་ཤོས་འབྲོང་ངུ་དགོན་པ་དང་། རྟ་ན་དགོན་པའི་དགེ་འདུན་པ་བསྡུ་བསྐོང་གིས་ལག་པས་ཡི་གེ་འབྲི་བཅུག་སྟེ་ཡིག་གཟུགས་ལ་ཞིབ་འཇུག་བྱེད་བཞིན་ཡོད་པ་མ་ཟད། ས་གནས་སུ་དམ་དྲག་ཆེན་པོ་བྱས་ཏེ་སབྱར་ཡིག་འབྲི་མཁན་སུ་ཡིན་མིན་བརྩད་གཅོད་བྱེད་བཞིན་ཡོད་པའི་གནས་ཚུལ་ཐོན་འདུག