ཕྱི་ལོ་ ༢༠༠༩ ཟླ་ ༣ ཚེས་ ༣ རེས་གཟའ་མིག་དམར།
༄༅། །དཔལ་ལྡན་བཀའ་བློན་ཁྲི་པ་མཁས་དབང་ཟམ་གདོང་བློ་བཟང་བསྟན་འཛིན་མཆོག་ཕྱི་ལོ་ ༢༠༠༩ ཟླ་ ༣ ཚེས་ ༣ ཕྱི་དྲོ་ནས་ཚེས་ ༥ སྔ་དྲོ་བར་ལྡི་ལིར་ལྷོ་ཨེ་ཤི་ཡའི་སྤྱི་མཐུན་རྒྱལ་ཁབ་ཁག་གི་རྩོམ་པ་པོའི་མཐུན་ཚོགས་ནས་གོ་སྒྲིག་ཞུས་པའི་རྒྱལ་སྤྱིའི་ཚོགས་འདུ་ཞིག་ཏུ་གསུང་བཤད་གནང་རྒྱུའི་གཞུང་འབྲེལ་ཕྱོགས་ཕེབས་བསྐྱང་གཏན་འཁེལ་ཡོད་འདུག
དེ་ཡང་ཕྱི་ལོ་ ༢༠༠༩ ཟླ་ ༣ ཚེས་ ༣ ཕྱི་དྲོ་ཆུ་ཚོད་ ༥།༠ ཐོག་རྡ་ས་ནས་ལྡི་ལིར་ཕེབས་ཐོན་གནང་རྒྱུ་དང་། ཕྱི་ཚེས་ ༤ ཉིན་ལྡི་ལིར་ཕེབས་འབྱོར་གྱིས་དེ་ཉིན་ཆུ་ཚོད་ ༡༠ ཐོག་རྒྱལ་སྤྱིའི་ཚོགས་འདུའི་ཐོག་གསུང་བཤད་གནང་རྒྱུ། དེ་ཉིན་ཕྱི་དྲོ་ཆུ་ཚོད་ ༡༠།༣༥ ཙམ་ལ་ལྡི་ལི་ནས་ཕེབས་ཐོན་གྱིས་ཕྱི་ཚེས་ ༥ སྔ་དྲོ་ཆུ་ཚོད་ ༩ ཙམ་རྡ་སར་ཕེབས་འབྱོར་གནང་རྒྱུ་ཡིན་འདུག