ཕྱི་ལོ་ ༢༠༠༩ ཟླ་ ༢ ཚེས་ ༧ རེས་གཟའ་སྤེན་པ།
༄༅། །དཔལ་ལྡན་བཀའ་བློན་ཁྲི་པ་མཆོག ༢༠༠༩ ཕྱི་ཟླ་ ༢ ཚེས་ ༦ ཕྱི་དྲོ་རྡ་ས་ནས་པ་ཊན་ཀོ་ཊི་བར་སྣུམ་འཁོར་དང་པ་ཊན་ཀོ་ཊི་ནས་མེ་འཁོར་བརྒྱུད་ཕྱི་ཚེས་ ༧ ཉིན་ལྡི་ལིར་ཕེབས་འབྱོར་གནང་རྗེས་ཉིན་རྒྱབ་མཁའ་ལམ་བརྒྱུད་མུམ་བཡི་ས་གནས་སུ་ཕེབས་འབྱོར་གནང་བ་དང་། ཕྱི་ཚེས་ ༨ སྔ་དྲོ་མུམ་བཡི་རུ་འཛམ་གླིང་བིཔཤཡནཱ་ཐེབས་རྩས་གསར་སྐྲུན་བྱས་པའི་བིཔཤཡནཱ་མཆོད་རྟེན་ཆེན་མོ་གསར་བཞེངས་ལེགས་གྲུབ་ཟིན་པའི་དབུ་འབྱེད་ཀྱི་མཛད་སྒོར་མཉམ་ཞུགས་གནང་རྒྱུ། ཕྱི་ཚེས་ ༩ ཉིན་པམཅགྷནཱིར་བོད་རིགས་ན་གཞོན་རམ་འདེགས་ཚོགས་པའི་ཟབ་སབྱོང་གི་དབུ་འབྱེད་མཛད་སྒོར་མཉམ་ཞུགས་ཀྱི་ཕྱི་ཚེས་ ༡༠ ཉིན་ཟབ་སབྱོང་གི་ཚོགས་ཐུན་དང་པོར་གསུང་བཤད་གནང་རྒྱུ་ཡིན་འདུག་པ་དང་། ཕྱེད་ཡོལ་ཙམ་ལ་པུཌྷེ་ནས་མཁའ་ལམ་བརྒྱུད་ལྡི་ལིར་ཕེབས་འབྱོར་གནང་གྲུབ་རྗེས་ཕྱི་ཚེས་ ༡༡ ཕྱེད་ཡོལ་ཙམ་ལ་བོད་རྒྱ་ཞི་མོལ་ལས་དོན་ཚོགས་ཚུང་གི་ཚོགས་འདུར་ཕེབས་ཏེ་ཕྱི་ཚེས་ ༡༢ ནས་ ༡༤ བར་ཉིན་གྲངས་གསུམ་རིང་ཚོགས་འདུར་མཉམ་ཞུགས་གནང་རྒྱུ། ཕྱི་ཚེས་ ༡༥ སྔ་དྲོ་མི་སྣ་ཁག་མཇལ་འཕྲད་གནང་གྲུབ་རྗེས་ལྡི་ལི་ནས་མེ་འཁོར་བརྒྱུད་པ་ཀོར་དུ་ཕེབས་འབྱོར་གྱིས་དེ་ནས་སྣུམ་འཁོར་བརྒྱུད་ཚེས་ ༡༦ ཉིན་རྡ་སར་ཕེབས་འབྱོར་གནང་རྒྱུ་ཡིན་པའི་གནས་བསྡུས་སུ།།