བཀའ།༡༩༨༤།༦༡།༢༠༠༨ ༠༩
༄༅། །དེང་སྐབས་བོད་ཀྱི་གནད་དོན་ཛ་དྲག་གཉན་འཕྲང་ཅན་ལ་གཞིགས་པས་བཙན་བྱོལ་གཞུང་གི་ངོས་ནས་རྒྱལ་སྤྱིའི་ནང་ཆབ་སྲིད་ཀྱི་ལས་འགུལ་རྒྱ་བསྐྱེད་དང་ཤུགས་སྣོན་རྒྱབ་འདུན་ཡོད་སྟབས། དང་བླང་ངམ་ཆོད་གན་གྱི་ཐོག་ལྷ་རམ་ས་ལའམ་སྐུ་ཚབ་དོན་ཁང་ཁག་ཏུ་དུས་ཚོད་ངེས་ཅན་རིང་ཕྱག་ལས་གནང་འདོད་ཡོད་རིགས་སོ་སོའི་ཤེས་ཡོན་དང་ཉམས་མྱོང་གི་ལོ་རྒྱུས་དང་སྦྲགས་ས་གནས་དོན་ཁང་ཁག་བརྒྱུད་གནས་ཚུལ་འཕྲལ་གཏོང་ཡོང་བ་ཞུ་རྒྱུ་དང་། གནས་ཚུལ་གནང་མཁན་ཡོངས་ལ་འཕྲལ་དུ་ལས་དོན་བཀོད་སྒྲིག་ཐུབ་པའི་ངེས་པ་མ་མཆིས་ཀྱང་། དགོས་གལ་ནམ་བྱུང་མཚམས་དུས་ཡུན་རིང་ཐུང་ཅི་རིགས་ཆེད་རེ་སྐུལ་ཞུ་བདེའི་ཐོ་གཞུང་བདག་ཉར་ཞུ་རྒྱུ་ཡིན་པ་དེ་ལུགས་ཚང་མས་དགོངས་མངའ་ཞུ། བཙན་བྱོལ་བོད་གཞུང་བཀའ་ཤག་གིས་ ༢༠༠༩ ཕྱི་ཟླ་ ༡ ཚེས་ ༢༠ ལ།