ཕྱི་ལོ་ ༢༠༠༨ ཟླ་ ༡༢ ཚེས་ ༨ རེས་གཟའ་ཟླ་བ།
༄༅། །དཔལ་ལྡན་སྐུ་སྒེར་ཡིག་ཚང་ནས་གསལ་བསྒྲགས་ཤིག་སྤེལ་བའི་ནང་འཁོད་དོན། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་གནས་མཆོག་ཝྭ་རྭ་ཎ་སྭིར་ཕྱི་ལོ་ ༢༠༠༩ ཟླ་ ༡ ཚེས་ ༨ ནས་ཚེས་ ༡༤ བར་བྱང་ཆུབ་སེམས་པའི་སྤྱོད་པ་ལ་འཇུག་པ་དང་། མངོན་པ་ཀུན་བཏུས་ཀྱི་གསུང་ཆོས་བཀའ་དྲིན་བསྐྱང་རྒྱུ་ཡིན། ཞེས་བཀོད་ཡོད་ནའང་གསུང་ཆོས་གང་གནང་ལ་འགྱུར་བ་ཕྲན་བུ་གཏོང་གནང་མཛད་དེ་མངོན་པ་ཀུན་བཏུས་ཀྱི་ཚབ་ཏུ་སྒོམ་རིམ་བར་བའི་གསུང་ཆོས་བཀའ་དྲིན་བསྩལ་རྒྱུ་ཡིན་འདུག་ན་དེ་དོན་དད་ལྡན་ཆོས་ཞུ་བ་ཡོངས་ནས་དགོངས་འཇགས་ཡོང་བ་ཞུ།།