ཕྱི་ལོ་ ༢༠༠༨ ཟླ་ ༡༡ ཚེས་ ༡ རེས་གཟའ་སྤེན་པ།
༄༅། །རྒྱལ་སྤྱིའི་གསར་ལམ་ཁག་ནས་གནས་ཚུལ་སྤེལ་གསལ་ལྟར་ན། བོད་མིའི་ཆོས་སྲིད་གཉིས་ཀྱི་བླ་ན་མེད་པའི་མངའ་བདག་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཕྱི་ལོ་ ༢༠༠༨ ཟླ་ ༡༠ ཚེས་ ༣༡ རེས་གཟའ་པ་སངས་ཉིན་ཉི་ཧོང་དུ་སྟོན་འཁོར་ཧྲག་བསྡུས་དང་བཅས་ཆིབས་སྒྱུར་བསྐྱངས་ཡོད་པ་དང་། དེ་ཡང་ཐེངས་འདིར་ཊོཀ་ཡོ་(Tokyo)ཉེ་འགྲམ་དུ་ཡོད་པའི་ན་རི་ཏཱ་(Narita)གནམ་ཐང་དུ་༸ཞབས་སོར་འཁོད་སྐབས་ཉི་ཧོང་བོད་ཀྱི་དོན་གཅོད་ཁང་གི་ལས་སྣ་ཆེ་ཕྲ་ཆུང་གསུམ་དང་། ཉི་ཧོང་དུ་གནས་སྡོད་བོད་མི། དད་ལྡན་ཉི་ཧོང་མི་མང་། ཉི་ཧོང་ནང་པའི་དགེ་འདུན་པ་བཅས་ནས་ཕེབས་བསུ་གཟབ་རྒྱས་ཞུས་ཡོད་པ་རེད།
སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་ངོས་རང་སླར་ཡང་ཉི་ཧོང་དུ་བཅར་རྒྱུ་བྱུང་ནས་གྲོགས་པོ་རྙིང་པ་ཚོ་ཐུག་རྒྱུའི་གོ་སྐབས་བྱུང་བར་དགའ་སྤྲོ་ཆེན་པོ་བྱུང་། ཞེས་བཀའ་ཕེབས་ཡོད་པ་རེད་འདུག
(All Japan Buddhist Federation)དང་ཀཱ་ནཱ་གཱ་ཝ་ནང་པའི་མཐུན་ཚོགས་(Kanagawa Buddhist Federation)བཅས་ནས་གདན་འདྲེན་ཞུས་པ་ཞིག་ཡིན་པ་རེད།
ཕྱི་ཟླ་ ༡༡ ཕྱི་ཚེས་ ༤ ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཉི་ཧོང་ལྷོ་ནུབ་གྲོང་ཁྱེར་ཕུ་ཁུའོ་ཌོར་ (Fukuodo)ཆིབས་སྒྱུར་བསྐྱང་སྟེ་ཀི་ཏཱ་ཁུ་ཤུ་གསར་ཁང་(Media dome, Kita-Kyushu)དུ་ཉེ་ཧོང་མི་མང་རྣམས་ལ་སྙིང་རྗེའི་སྐོར་གསུང་ཆོས་བཀའ་དྲིན་བསྐྱང་རྒྱུ་དང་། ཕྱི་ཚེས་ ༦ ཉིན་ཉི་ཧོང་རྒྱལ་ས་ཊོཀ་ཡོའི་ས་གནས་རོ་གོ་ཁུ་ཁོ་ཁུ་གི་ཁན་(Ryogoku Kokugikan)དུ་མི་མང་ལ་བཀའ་སློབ་བཀའ་དྲིན་སྩལ་རྒྱུ་ཡིན་འདུག་པ་བཅས།།