ཕྱི་ལོ་ ༢༠༠༨ ཟླ་ ༡༢ ཚེས་ ༡༢ རེས་གཟའ་པ་སངས།
༄༅། །དཔལ་ལྡན་བཀའ་བློན་ཁྲི་པ་མཁས་དབང་ཟམ་གདོང་རིན་པོ་ཆེ་མཆོག་ཕྱི་ལོ་ ༢༠༠༨ ཟླ་ ༡༢ ཚེས་ ༡༨ ཕྱི་དྲོ་ནས་ཚེས་ ༢༠ ཕྱི་དྲོ་བར་ལྡི་ལིར་གཞུང་འབྲེལ་ཕྱོགས་ཕེབས་གནང་གཏན་འཁེལ་ཡོད་པ་རེད།
དེ་ཡང་ཕྱི་ལོ་ ༢༠༠༨ ཟླ་ ༡༢ ཚེས་ ༡༨ ཉིན་ཕྱེད་ཡོལ་ཆུ་ཚོད་ ༤ ཐོག་རྡ་ས་ནས་ཅཀྐཱི་བྷེདྐཱ་རུ་ཕེབས་ཐོན་གནང་རྒྱུ་དང་། དེ་ནས་ལྡི་ལིར་ཕེབས་ཐོན་གནང་རྒྱུ། ཕྱི་ཚེས་ ༡༢ ཉིན་ལྡི་ལིར་ཕེབས་འབྱོར་གྱིས་སྔ་དྲོའི་ཆུ་ཚོད་ ༩ ཐོག་འཚེ་མེད་ཞི་བའི་ཐབས་ལམ་ཞེས་པའི་ཐེབས་རྩའི་ཚོགས་མི་བིཇཡ་ཀྲཱནྟཱི་སོགས་ནས་བཀའ་ཁྲི་མཆོག་གི་བཞུགས་གནས་སུ་བཅར་རྒྱུ་དང་། ཕྱི་དྲོ་ཆུ་ཚོད་ ༡ ཙམ་ལ་ལྡི་ལི་གཙུག་ལམ་སློབ་གཉེར་ཁང་གི་ལོ་རྒྱུས་སྡེ་ཚན་གྱི་འགན་འཛིན་རྣམ་པའི་ཚོགས་འདུར་མཉམ་ཞུགས་གནང་རྒྱུ། དེ་ཉིན་ཕྱི་དྲོ་རྒྱ་གར་གཞོན་སྐྱེས་དབུ་ཁྲིད་གཅིག་གི་ཚོགས་སྡེར་འཕགས་བོད་འབྲེལ་བའི་སྐོར་ལ་གསུང་བཤད་གནང་རྒྱུ། ཕྱི་ཚེས་ ༢༠ ཉིན་ལྡི་ལི་ནས་མཁའ་ལམ་བརྒྱུད་གྷ་གལ་ལ་ཕེབས་ཐོན་གྱིས་ཕྱི་དྲོ་ཆུ་ཚོད་ ༤ ཙམ་ལ་བཞུགས་སྒར་རྡ་སར་ཕེབས་འབྱོར་གནང་རྒྱུ་བཅས་ཀྱི་གནས་ཚུལ་དུ།།