ཕྱི་ལོ་ ༢༠༠༨ ཟླ་ ༡༡ ཚེས་ ༤ རེས་གཟའ་མིག་དམར།
༄༅། །དཔལ་ལྡན་བཀའ་བློན་ཁྲི་པ་མཁས་དབང་ཟམ་གདོང་རིན་པོ་ཆེ་མཆོག་ཕྱི་ལོ་ ༢༠༠༨ ཟླ་ ༡༡ ཚེས་ ༥ ཕྱི་དྲོ་ནས་ཚེས་ ༩ ཕྱི་དྲོ་བར་པུཎེར་གྷན་དྷིའི་རྗེས་འཇུག་པ་རྣམས་ཀྱི་ལོ་འཁོར་ཚོགས་ཆེན་ཐེངས་བཞི་བཅུ་ཞེ་གཉིས་པར་ཚོགས་ཞུགས་གནང་རྒྱུའི་གཞུང་འབྲེལ་ཕྱོགས་ཕེབས་གནང་གཏན་འཁེལ་འདུག
དེ་ཡང་ཕྱི་ལོ་ ༢༠༠༨ ཚེས་ ༡༡ ཚེས་ ༥ ཉིན་ཕྱེད་ཡོལ་ཆུ་ཚོད་ ༣ ཐོག་རྡ་ས་ནས་གྷ་གལ་གནམ་ཐང་བརྒྱུད་ལྡི་ལིར་ཕེབས་ཐོན་གནང་རྒྱུ་དང་། ཕྱི་ཚེས་ ༦ ཉིན་ཕྱེད་ཡོལ་ཆུ་ཚོད་ ༤།༡༥ ལྡི་ལི་ནས་པུཎེར་མཁའ་ལམ་བརྒྱུད་ཕེབས་ཐོན་གྱིས་ཆུ་ཚོད་ ༥།༢༥ པུཎེར་ཕེབས་འབྱོར་གནང་རྒྱུ་ཡིན་འདུག
ཕྱི་ཚེས་ ༧ ནས་ ༨ བར་ཉིན་གྲངས་གཉིས་རིང་གྷན་དྷིའི་རྗེས་འཇུག་པ་རྣམས་ཀྱི་ལོ་འཁོར་ཚོགས་ཆེན་ཐེངས་བཞི་བཅུ་ཞེ་གཉིས་པར་ཚོགས་ཞུགས་གནང་རྒྱུ་ཡིན་པ་རེད།
ཕྱི་ཟླ་ ༡༡ ཚེས་ ༩ ཉིན་སྔ་དྲོའི་ཆུ་ཚོད་ ༧ ཐོག་པུཎེ་ནས་མཁའ་ལམ་བརྒྱུད་ལྡི་ལི་དང་དེ་ནས་མཁའ་ལམ་བརྒྱུད་བཞུགས་སྒར་རྡ་སར་ཕེབས་ཐོན་གྱིས་ཕྱེད་ཡོལ་ཆུ་ཚོད་ ༤།༡༠ ཐོག་བཞུགས་སྒར་དུ་ཕེབས་འབྱོར་གནང་རྒྱུ་བཅས་ཀྱི་གནས་བསྡུས་སུ།།