ཕྱི་ལོ་ ༢༠༠༨ ཟླ་ ༡༠ ཚེས་ ༣༠ རེས་གཟའ་ཕུར་བུ།
༄༅། །འདི་གའི་གསར་འགོད་པས་ནང་སྲིད་ལས་ཁུངས་ཀྱི་མགྲིན་ཚབ་པ་ཟུང་དྲུང་ཚེ་རིང་སྟོབས་རྒྱལ་ལགས་སུ་སིམ་ལ་རི་བོ་ལི་ས་གནས་སུ་ས་རུད་ཀྱི་གོད་ཆག་བྱུང་བའི་ཁྲོམ་ས་ཁག་ལ་བཙན་བྱོལ་བོད་གཞུང་ནས་གུན་སྐྱོབ་གནང་ཕྱོགས་སྐོར་ལ་བཅར་དྲི་ཞུས་པར། ཕྱི་ལོ་ ༢༠༠༨ ཕྱི་ཟླ་ ༩ ཚེས་ ༡༩ དགོང་དྲོ་ཆུ་ཚོད་ ༡༠།༣༠ ཐོག་སིམ་ལ་རི་བོ་ལི་ས་གནས་སུ་ས་རུད་ཤུགས་ཆེའི་གོད་ཆག་བྱུང་བའི་ཁྲོད་བོད་མིའི་ཁྲོམ་ས་ ༡༧ ཡོད་པའི་ནང་ནས་ཁྲོམ་ས་ ༡༥ དང་། ཟ་ཁང་ ༢ བཅས་ཤུལ་མེད་དུ་གྱུར་ཡོད་འདུག གོད་ཆག་བྱུང་བའི་ཁྲོམ་ས་ ༡༧ གྱི་ཚོང་ཁང་དང་ཚོང་ཟོག་བཅས་པར་མ་གནས་ཧིན་སྒོར་ ༤༥༢༤༠༠༠་༠༠ ཙམ་གྱི་གྱོང་གུན་བྱུང་བར་བློ་ཕམ་དང་སྦྲགས་དེ་དག་ལ་རང་གཞུང་ནས་གུན་སྐྱོབ་ལྟ་བུ་ལས་འཐུས་ཚང་ཞིག་ཕུལ་ཐུབ་རྒྱུ་དཀའ་བར་སོང་།ག་་གྱུར་ཡོད་འདུག གོད་ཆག་བྱུང་བའི་ཁྲོམ་ས་ ༡༧ གྱི་ཚོང་ཁང་དང་ཚོང་ཟོག་བཅས་པར་མ་གནས་ཧིན་སྒོར་ ༤༥༢༤༠༠༠་༠༠ ཙམ་གྱི་གྱོང་གུན་བྱུང་བར་བློ་ཕམ་དང་སྦྲགས་དེ་དག་ལ་རང་གཞུང་ནས་གུན་སྐྱོབ་ལྟ་བུ་ལས་འཐུས་ཚང་ཞིག་ཕུལ་ཐུབ་རྒྱུ་དཀའ་བར་སོང་།
འབྱུང་བའི་གནོད་འཚེ་ཕོག་ཁུལ་རྣམས་ལ་གདུང་སེམས་མཉམ་སྐྱེ་མཚོན་ཆེད་དུ་ཐུགས་གསོའི་གུན་སྐྱོབ་ཁྲོམ་ས་ ༡༥ ཡོད་པ་རེ་རེར་ཧིན་སྒོར་ ༩༥༠༠་༠༠ དང་། ཟ་ཁང་གཉིས་ལ་ཧིན་སྒོར་ ༥༠༠༠་༠༠ རེ་རྩིས་ནས་ཁྲོམ་ས་ ༡༧ ལ་ཧིན་སྒོར་ ༡༥༢༥༠༠་༠༠ ནང་སྲིད་ལས་ཁུངས་ཀྱིས་ས་གནས་འགོ་འཛིན་ལ་བཀོད་མངགས་ཆ་ཚང་བྱས་ཏེ་ས་གནས་དཔོན་རིགས་སོགས་ལ་བོད་གཞུང་གི་སྐུ་ཚབ་མཚོན་པའི་ཐོག་ནས་འཐུས་ཚང་ཞུ་དགོས་སྐོར་བཀོད་ཁྱབ་གནང་ཡོད། དེ་བཞིན་གནས་ཚུལ་དེ་བྱུང་འཕྲལ་བོད་མིའི་ཁྲོམ་སའི་སྐྱིད་སྡུག་ཚོགས་པ་དང་། ས་གནས་འཐུས་མི། ས་གནས་འགོ་འཛིན་བཅས་ནས་ཕྱར་གྲུ་མཉམ་འདེགས་ཀྱིས་མངའ་སྡེའི་སྲིད་སྐྱོང་དང་། གྲོང་སྡེ་ཡར་རྒྱས་ལྷན་ཚོགས་བཅས་སུ་ཞུ་གཏུགས་བྱས་ཏེ་ཐུན་མོང་ནས་གང་ཐུབ་གནང་སྟེ་ས་གནས་རྫོང་དཔོན་བརྒྱུད་ནས་རྒྱ་གར་གྱི་རྩིས་སྲོལ་ལྟར་ན་ཁྲོམ་ས་ ༡༦ ཡིན་པ་དེ་དག་ལ་ཁྲོམ་ས་རེར་ཧིན་སྒོར་ ༡༠༠༠༠་༠༠ གནང་རྒྱུའི་ཞལ་བཞེས་ཐོབ་པའི་ནང་ནས་ད་ལྟའི་ཆར་ཁྲོམ་ས་རེར་ཧིན་སྒོར་ ༤༠༠༠་༠༠ ལག་སོན་བྱུང་ཡོད་འདུག ལྷག་འཕྲོས་ཧིན་སྒོར་ ༦༠༠༠་༠༠ རིམ་པས་གནང་རྒྱུའི་ཞལ་བཞེས་གཙང་ཟིན་གནང་འདུག
ད་ལྟ་བར་དུ་དངུལ་རྐྱང་གི་རོགས་སྐྱོར་བྱུང་བ་དཔལ་ལྡན་ཚོགས་དྲུང་ལས་ཁུངས་ནས་ཧིན་སྒོར་ ༥༠༠༠ གནང་བ་དང་། ནང་སྲིད་ལས་ཁུངས་ནས་གོང་འཁོད་ལྟར་གནང་བ། ས་གནས་དེ་རང་དུ་ཁྲོམ་ས་ ༧༠ ལྷག་ཡོད་པའི་ནང་ནས་ ༡༧ གོད་ཆག་བྱུང་བའི་ལྷག་མ་ ༦༠ ཡོད་པའི་ཁྱིམ་ཚང་རེ་ནས་ཧིན་སྐོར་ ༡༠༠༠༠་༠༠ གནང་སྟེ་ཁྱོན་བསྡོམས་ཧིན་སྒོར་ ༦,༠༠༠༠༠་༠༠ གནང་འདུག ལྡི་ལི་དང་ས་གནས་གཞན་དུ་གནས་སྡོད་བོད་མི་རྣམས་ནས་གདུང་སེམས་མཉམ་སྐྱེ་ཆེད་ཧིན་སྒོར་ ༩,༠༠༠༠༠་༠༠ དང་། དབུས་བུད་མེད་ལྷན་ཚོགས་ནས་ཧིན་སྒོར་ ༡,༠༠༠༠༠་༠༠ ཁྱོན་བསྡོམས་གུན་སྐྱོབ་བྱུང་བ་ཧིན་སྒོར་ ༡༩,༢༧༥༠༠་༠༠ བཅས་བྱུང་འདུགས་གནས་འགོ་འཛིན་དང་། ས་གནས་འཐུས་ཚབ། ཁྲོམ་སའི་སྐྱིད་སྡུག་བཅས་ནས་ཞུ་སྙན་ཕུལ་བ་གཞིར་བཟུང་བོད་གཞུང་གི་ངོས་ནས་ས་གནས་བློན་ཆེན་མཆོག་ལ་སྙན་ཞུ་ཞིག་ཕུལ་བའི་ནང་། ད་རེས་ས་རུད་ཀྱི་གོད་ཆག་བྱུང་སྟེ་བོད་མིའི་འཚོ་བའི་མདུན་ལམ་ལྟེ་བ་ཁྲོམ་ས་ཡིན་སྟབས། ཁྲོམ་ས་དེ་དག་ཤུལ་མེད་དུ་གྱུར་ཏེ་དཀའ་ངལ་ཆེན་པོ་ཞིག་འཕྲད་མུས་ལ་ད་ལྟ་བར་རྒྱ་གར་ས་གནས་གཞུང་ནས་མཐུན་འགྱུར་རོགས་རམ་གནང་མུས་ཀྱང་། ད་དུང་ཡང་མུ་མཐུད་གནང་སྐྱོང་ཡོང་བ་དང་། ལྷག་པར་དུ་ཁྲོམ་ས་བསྐྱར་གསོ་ཡོང་རྒྱུ་སོགས་ལ་མཐུན་འགྱུར་ཡོང་བ་ཞེས་ཞུ་སྙན་ཕུལ་ཡོད་འདུག
དེ་བཞིན་ནང་སྲིད་ལས་ཁུངས་ཀྱི་ཟླ་གསུམ་དུས་དེབ་ཕྱི་ནང་རོགས་ཚོགས་དང་། གཞན་ཚོགས་སྡེ། ས་གནས་འགོ་འཛིན་བཅས་ཚང་མར་འགྲེལ་སྤེལ་གནང་གི་ཡོད་པའི་ནང་དུ་ཞིབ་གནས་བཀོད་པ་དང་སྦྲགས་མཐུན་འགྱུར་རོགས་རམ་ཡོང་བའི་བསྐུལ་མ་ཡང་གནང་བཞིན་འདུག ཕྱོགས་མཚུངས་ད་རེས་ཀྱི་དོན་རྐྱེན་འདིར་རང་རིགས་ཚང་མས་ཆར་པ་ཆུ་གྲོགས་ཀྱི་དཔེ་བཞིན་རང་རང་གི་འཁོས་དཔག་གཞིར་བཟུང་ཞལ་འདེབས་གནང་སྐྱོང་ཡོང་བའི་འབོད་སྐུལ་ཞུ་བཞིན་པ་བཅས་ཀྱི་གནས་ཚུལ་དུ།།