ཕྱི་ལོ་ ༢༠༠༨ ཟླ་ ༡༠ ཚེས་ ༦ རེས་གཟའ་ཟླ་བ།
༄༅། །དཔལ་ལྡན་འཕྲོད་བསྟེན་བཀའ་བློན་འབྱོར་དཔལ་དཔལ་འབྱོར་ཚེ་རིང་མཆོག་དང་ཕྱག་རོགས་སུ་ཟུང་དྲུང་ཚེ་རིང་དབྱངས་སྐྱིད་ལགས་རྣམ་གཉིས་ ༢༠༠༨ ཕྱི་ཟླ་ ༡༠ ཚེས་ ༥ ཉིན་རྡ་ས་ནས་ཨམ་རིཊ་ས་བརྒྱུད་ལྡི་ལིར་ཕེབས་ཐོན་གྱིས་ཚེས་ ༦ དགོང་དྲོ་ལྡི་ལིར་ཕེབས་འབྱོར་གནང་བ་དང་། ཕྱི་ཚེས་ ༧ དང་ ༨ ཉིན་གྲངས་གཉིས་རིང་ལྡི་ལིར་ཡོད་པའི་སྨན་པ་དང་། སྨན་ཞབས། སློབ་གཉེར་བ་བཅས་ལ་གསུང་བཤད་གནང་རྒྱུ་དང་། ཕྱི་ཚེས་ ༩ ཉིན་མཁའ་ལམ་བརྒྱུད་བལ་ཡུལ་དུ་ཕེབས་འབྱོར་གནང་རྗེས་ཕྱི་ཚེས་ ༡༠ ནས་ཉིན་གྲངས་ལྔའི་རིང་བལ་ཡུལ་རྒྱལ་ས་དང་། འཕགས་ཤིང་། མཆོད་རྟེན། འཇོ་ཁེལ་གྱི་ས་གནས་མང་ཚོགས་ལ་འཚམས་གཟིགས་གནང་རྒྱུ་དང་། བལ་ཡུལ་གཞུང་འབྲེལ་མ་ཡིན་པའི་ཚོགས་པ། མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྐྱབས་བཅོལ་བདེ་དོན་ལས་ཁུངས། འགྲོ་བ་མིའི་ཐོབ་ཐང་ལས་ཁུངས། གཞུང་ཚབ་ཁག་ཅིག་ལ་འབྲེལ་ལམ་གྱི་བོད་མིའི་གནས་སྟངས་ཐོག་རྟོགས་ཞིབ་གནང་རྒྱུ་དང་ས་གནས་བོད་རིགས་དབུ་ཁྲིད་ལྷན་དུ་ཞུགས་མོལ་ཚོགས་འདུར་མཉམ་ཞུགས་གནང་རྒྱུ། ཕྱི་ཚེས་ ༡༥ སྤོག་ར་ཁུལ་དུ་ཕེབས་ཐོན་དང་ཕྱི་ཚེས་ ༡༦ ནས་ཉིན་གྲངས་ ༧ རིང་སྤོག་ར་ཁུལ་གཞིས་ཆགས་ཁག་བཞི་དང་། རྡོར་པཊན། གློ་ཚེ་རོག བལ་ཡུལ་ནུབ་ཕྱོགས་གཞིས་གྲོང་ཁག་ལ་འཚམས་གཟིགས་གནང་གྲུབ་རྗེས་ཕྱི་ཚེས་ ༢༣ ཉིན་ལྡི་ལི་གནམ་ཐང་དུ་ཕེབས་འབྱོར་གནང་རྒྱུ་དང་། ཕྱི་ཚེས་ ༢༤ དགོང་དྲོ་ལྡི་ལི་ནས་མཁའ་ལམ་བརྒྱུད་སྦེང་ལོར་ཕེབས་འབྱོར་གནང་སྟེ། ཕྱི་ཚེས་ ༢༥ ནས་ ༢༧ བར་ཉིན་གྲངས་ ༣ རིང་གཉན་ནད་རེག་དུག་གི་སྨན་བཅོས་སྐོར་དང་། མ་ནི་པལ་(Manipal)སྨན་ཁང་གི་གནད་ཡོད་མི་སྣ་ཁག་ཐུག་འཕྲད་དང་དེ་བཞིན་འཕྲོད་བསྟེན་ཉེན་སྲུངསྐོར། ཕྱི་ཟླ་ ༡༠ ཚེས་ ༢༨ ཕྱེད་ཡོལ་ཆུ་ཚོད་ ༡༢ པའི་ཐོག་སྦེང་ལོར་ནས་མཁའ་ལམ་བརྒྱུད་ལྡི་ལིར་ཕེབས་འབྱོར་གནང་སྟེ་ཕྱི་ཟླ་ ༡༠ ཚེས་ ༣༠ ཉིན་རྡ་སར་ཕེབས་འབྱོར་གནང་རྒྱུ་ཡིན་པ་བཅས་ཀྱི་གནས་བསྡུས་སུ།།