ཕྱི་ལོ་ ༢༠༠༨ ཟླ་ ༡༠ ཚེས་ ༤ རེས་གཟའ་སྤེན་པ།
༄༅། །དཔལ་ལྡན་བཀའ་བློན་ཁྲི་པ་མཁས་དབང་ཟམ་གདོང་རིན་པོ་ཆེ་མཆོག ༢༠༠༨ ཕྱི་ཟླ་ ༡༠ ཚེས་ ༨ ཕྱི་དྲོ་ནས་ཚེས་ ༡༣ སྔ་དྲོ་བར་སུད་སིར་ཡུ་རོབ་བོད་རིགས་ཚོགས་ཆེན་དབུ་འབྱེད་དང་བོད་རིགས་མང་ཚོགས་ལ་གསུང་བཤད་གནང་རྒྱུ་དང་། ཕྱི་ཚེས་ ༡༧ ནས་ཕྱི་ཚེས་ ༢༦ བར་བྱང་ཨ་རི་ནང་ཀེ་ནི་ཕོ་ནི་ཡའི་ས་ཁུལ་པོ་མོ་ནར་རྟེན་གཞི་བྱས་པའི་འཚེ་མེད་ཞི་བའི་བསྟི་གནས་ཁང་གི་མེས་པོ་དམ་པ་བདག་ཉིད་ཆེན་པོ་གྷན་དྷིའི་སྐོར་གྱི་རྒྱལ་སྤྱིའི་ཚོགས་ཆེན་དང་། དེ་བཞིན་བོད་རིགས་དང་སེན་ཊ་བྷར་བ་ར་མང་ཚོགས་བཅས་སོ་སོར་གསུང་བཤད་དང་མི་སྣ་མཇལ་འཕྲད་གནང་རྒྱུ། ཕྱི་ཚེས་ ༢༤ ཉིན་རྒྱ་གར་རྒྱལ་ས་ལྡི་ལིར་ཕྱིར་ཕེབས་གནང་རྒྱུ་དང་། ཕྱིར་ཕེབས་རྗེས་ཨག་རར་སི་པེནིཤ་མི་བརྒྱུད་དཔྱད་རིག་ཁང་གི་ཚོགས་ཆེན་དུ་སྐུ་མགྲོན་གཙོ་བོ་དང་ཆབས་ཅིག་ཏུ་དབུ་འབྱེད་ཀྱི་མཛད་སྒོའི་གསུང་བཤད་གནང་རྒྱུ་སོགས་གཞུང་འབྲེལ་ཕྱོགས་ཕེབས་བསྐྱང་རྒྱུའི་གནས་ཚུལ་སྙིང་བསྡུས་སུ།།