ཕྱི་ལོ་ ༢༠༠༨ ཟླ་ ༩ ཚེས་ ༡༩ རེས་གཟའ་པ་སངས།
༄༅། བོད་གཞུང་ཆོས་རིག་དྲུང་འཕར་ནོར་བུ་དོན་ལྡན་ལགས་ཕྱི་ལོ་ ༢༠༠༨ ཟླ་ ༩ ཚེས་ ༥ དགོང་དྲོ་ཆུ་ཚོད་ ༦།༣༠ ཐོག་རྡ་ས་ནས་ཐོན་ཏེ་ལྡི་ལི་བརྒྱུད་ལྷོ་ཕྱོཌ་གཞིས་སྒར་ལུཌ་བསམ་ཁོངས་གཞིས་གྲོང་ལྔ་དྲུག་ཏུ་དཔལ་ལྡན་འབྲུག་དཀར་སྒྲུབ་བརྒྱུད་ཐོས་བསམ་དར་རྒྱས་གླིང་གཙུག་ལག་ཁང་ཕྱི་ནང་རྟེན་དང་བརྟེན་པར་བཅས་པ་ལེགས་གྲུབ་ཀྱི་དབུ་འབྱེད་མཛད་སྒོར་སྐུ་ཚབ་ཏུ་ཆེད་གཏོང་གནང་བ་བཞིན་ཚེས་ ༨ ཉིན་ཕེབས་འབྱོར་གནང་། ཕྱི་ཚེས་ ༩ ཕྱེད་ཡོལ་ཆུ་ཚོད་ ༣།༣༠ ཙམ་ལ་དབུ་འབྱེད་མཛད་སྒོའི་སྐུ་མགྲོན་གཙོ་བོ་དཔལ་ལྡན་འབྲུག་པ་བཀའ་བརྒྱུད་བསྟན་པའི་མངའ་བདག་༸སྐྱབས་མགོན་འབྲུག་ཆེན་རིན་པོ་ཆེ་མཆོག་དགོན་པར་ཞབས་སོར་འཁོད་སྐབས་ཆོས་སྡེ་ཁག་གི་མཁན་ལས་སྐུ་ཚབ་རྣམ་པ་དང་། སྦེང་ལོར་ལྷོ་སྤྱིའི་སྐུ་ཚབ། ས་གནས་སོ་སོའི་འགོ་འཛིན་དང་གཞུང་འབྲེལ་དང་གཞུང་འབྲེལ་མ་ཡིན་པའི་ཚོཌ་སྐྱིད་ཁག་གི་འགན་འཛིན་རྣམ་པ། སློབ་གྲྭ་ཁག་གི་དབུ་འཛིན་རྣམ་པ། དགོན་གྱི་བླ་སྤྲུལ་གྲྭ་མང་བཅས་ནས་སེར་སྦྲེང་སྟར་སྒྲིག་གིས་དུང་རྒྱ་སྤོས་སྣེ་དང་བཅས་ཏེ་ཚོཌ་ཁང་ཡང་སྟེང་ཚོམས་ཆེན་དུ་གདན་ཞུས་ཀྱིས་བཞུཌ་ཁྲིར་འཁོད་མཚམས་དགོན་བདག་སྐྱབས་རྗེ་བྲག་སེང་རིན་པོ་ཆེ་དང་རང་གཞུང་ཆོས་རིག་སྐུ་ཚབ་དྲུང་འཕར། ས་གནས་ཁྲིམས་ཞིབ་པ་དང་སྦེལ་ཀོབ་ལུགས་བདེ་གཉིས་ཀྱི་ས་གནས་འགོ་འཛིན། འབྲི་གུང་ཆོས་རྗེ་ཨ་དབྱངས་རིན་པོ་ཆེ། ལྷོ་ཕྱོགས་བཀའ་དགོན་ཁག་གི་མཁན་བླ་སྤྲུལ་སྐུ་དང་སྐུ་ཚབ་བཅས་སོགས་ནས་མལ་རྟེན་གསུམ་འདེཌ་འབུལ་དང་མཇལ་ཁ་རིམ་ཞུས་གྲུབ་ཐོག་གསོལ་ཇ་འབྲས་བསིལ་འདེགས་འབུལ་གྱིས་མཛད་སྒོ་གྲུབ། ཕྱི་ཚེས་ ༡༠ རེས་གཟའ་ལྷག་པ་གཟའ་སྐར་འཕྲོད་སབྱོར་དགེ་བའི་སྔ་དྲོ་ཕྱག་ཚོད་ ༩ ཐོག་༸སྐྱབས་མགོན་འབྲུག་ཆེན་རིན་པོ་ཆེ་མཆོག་གིས་དར་ཚོན་གཅོད་དྲེགས་ཀྱིས་འཕཌ་པ་བཀྲ་ཤིས་བརྩེཌ་པ་གསུང་སྟེ་བཀྲ་ཤིས་པའི་མེ་ཏོག་གཏོར་ཏེ་གཙུག་ལག་ཁང་དབུ་འབྱེད་གནང་སྟེ་རྟེན་གཙོའི་སྤྱན་སྔར་སྣང་གསལ་ཞལ་ཕྱེ་གྲུབ་མཚམས་བཞུགས་ཁྲིར་འཁོད་རྗེས་བྲག་སེང་རིན་པོ་ཆེ་མཆོག་ནས་རྟེན་གསུམ་འདེགས་འབུལ་ཞུ་མུར་གོང་ཞུས་སྐུ་མགྲོན་དུ་ཕེབས་པ་རྣམས་ལ་གསོལ་ཇ་འབྲས་བསིལ་འདེཌ་འབུལ་ཞུས། དེ་ནས་སློབ་དཔོན་ངེས་དོན་བསྟན་འཛིན་ལགས་ནས་མཛད་སྒོའི་ངོ་སྤྲོད་གསུང་བཤད་གནང་གྲུབ་བསྟུན། རང་གཞུང་ཆོས་རིག་ལས་ཁུངས་ཀྱི་སྐུ་ཚབ་དྲུང་འཕར་ནས་གསུང་བཤད་སྒྲོག་སབྱང་ཞུས། དེ་རྗེས་སྐྱབས་མགོན་འབྲུག་ཆེན་རིན་པོ་ཆེ་མཆོག་ནས་བླང་དོར་ཞུ་སྒོའི་བཀའ་སློབ་ཟབ་མོ་གནང་གྲུབ་རྗེས་རང་གཞུང་ཆོས་རིག་སྐུ་ཚབ་དྲུང་འཕར་ནས་རྟེན་གསུམ་འདེཌ་འབུལ་དང་སྦྲཌ་འདུས་ཚོཌ་སུ་བསྙེན་བཀུར་མང་ཇ་དང་སྐུ་ འགྱེད་བཅས་ཕུལ་བ་དང་། འབྲི་གུང་ཆོས་རྗེ་ཨ་དབྱངས་རིན་པོ་ཆེས་དབུས་ལྷོ་ཕྱོཌ་བཀའ་བརྒྱུད་དགོན་ཁག་དང་། དེ་མིན་རིས་མེད་ཆོས་སྡེ་ཁག་གི་མཁན་བླ་སྐུ་ཚབ་དང་། སྐུ་མགྲོན་ཁག ས་གནས་ཀྱི་གཞུང་འབྲེལ་དང་གཞུང་འབྲེལ་མིན་པའི་ཚོཌ་སྡེ་ཁག་གི་འཐུས་མི་བཅས་ནས་རྟེན་གསུམ་འདེགས་འབུལ་དང་རྟེན་འབྱུང་མཇལ་དར་འབུལ་གྲུབ་མཚམས་བྲག་སེང་རིན་པོ་ཆེ་ནས་ཐུཌ་རྗེ་ཆེ་ཞུའི་གསུང་བཤད་གྲུབ་བསྟུན་མཛད་སྒོ་དངོས་གཞི་གྲུབ། དེ་ཉིན་སྐུ་མགྲོན་ཡོངས་རྫོཌ་ལ་དགུང་ཚིཌ་ཕུལ། ཉིན་རྒྱབ་དགའ་སྟོན་རྟེན་འབྲེལ་མཚོན་བྱེད་བཀྲ་ཤིས་ཞོལ་པ་དང་བྲོ་གར་ལྷ་གཞུང་བཅས་གཟིཌ་འབུལ་གྱིས་མཛད་སྒོ་རྒྱལ་ཁའི་ངང་གྲོལ་བ་དང་། ཕྱི་དྲོ་ཆུ་ཚོད་ ༤ པ་ཙམ་ནས་གཅོད་ཚོཌ་རྒྱས་པ་ཞིག་གསུང་གནང་མཛད་འདུག རྒྱ་གར་ལྷོ་ཕྱོཌ་བཀའ་བརྒྱུད་དགོན་ཁག་བདུན་ཐུན་མོང་གིས་སྔོན་ནས་ཇི་ལྟར་གསོལ་བ་བཏབ་པ་བཞིན་༸སྐྱབས་མགོན་འབྲུག་ཆེན་རིན་པོ་ཆེ་མཆོག་ལ་བརྟན་བཞུཌ་བསྟར་འབུལ་སྙན་གསེང་གིས་ཞལ་བཞེས་ཟབ་མོ་ཐོབ་པ་དང་འབྲེལ་བརྟན་བཞུཌ་ཀྱི་ཆོ་གའི་སྒྲུབ་ཞག་སྔོན་སོང་གིས་ཕྱི་ཚེས་ ༡༡ སྔ་དྲོ་ཆུ་ཕྱག་ཚོད་ ༧ ཐོག་གཟའ་སྐར་འཕྲོད་སབྱོར་དགེ་བ་དང་སྟབས་བསྟུན་དུང་རྒྱ་སྤོས་སྣེས་གདན་ཞུས་ཀྱིས་བཞུཌ་ཁྲིར་ཞབས་སོར་འཁོད་མཚམས་གསོལ་ཇ་བཞེས་འབྲས་འདེཌ་འབུལ་ཞུས། དེ་ནས་བརྟན་བཞུཌ་ཀྱི་གསུང་ཆོག་མཁའ་འགྲོ་བསུན་བཟློག་གི་སྒོ་ནས་ཆོ་ག་དབུ་འཛུཌ་དང་འབྲེལ་ཆོ་ག་གྲུབ་མཚམས་སབྱིན་བདག་ཁག་གི་སྐྱབས་ཐོ་སྙན་གསེང་ཞུས། དེ་ནས་བརྟན་བཞུཌ་ཀྱི་གསོལ་འདེབས་མལ་དབུ་འཚུཌ་ནས་བཀའ་དགོན་བདུན་གྱི་བླ་སྤྲུལ་མཁན་པོ་རྣམས་ནས་རྟེན་གསུམ་འདེཌ་འབུལ་དང་སྦྲཌ་སེར་སྐྱ་མང་ཚོཌ་ནས་འབུལ་མཚོན་འདེགས་འབུལ་ཞུ་མུར་རང་གཞུང་ཆོས་རིག་སྐུ་ཚབ་དྲུང་འཕར་སོཌ་འབྲེལ་ཡོད་ཚང་མས་རིམ་བཞིན་རྟེན་གསུམ་འདེཌ་འབུལ་ཞུས་ཏེ་རིན་པོ་ཆེས་སེར་སྐྱ་མང་ཚོགས་ལ་མཇལ་ཕྱག་བསྩལ་ཏེ་བརྟན་བཞུཌ་ཀྱི་མཛད་སྒོ་ལེེགས་པར་གྲུབ། དེ་ནས་ཉིན་རྒྱབ་ཆུ་ཚོད་ ༢།༣༠ ཙམ་ནས་གཞིས་ཆཌ་ཀྱི་ཕོ་བྲང་དུ་སྐྱབས་མགོན་འབྲུག་ཆེན་རིན་པོ་ཆེ་མཆོག་གིས་སེར་སྐྱ་མང་ཚོཌ་སློོབ་ཕྲུག་དང་བཅས་པར་སྤྱན་རས་གཟིཌ་ཀྱི་རྗེས་གནང་བཀའ་དྲིན་ཆེ་ཐོག འདི་ཕྱིའི་བླང་དོར་ཞུ་སྒོའི་བཀའ་སློབ་སྤྱི་དང་། ལྷག་པར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ད་བར་བཀའ་སློབ་རིན་ཐང་བྲལ་བ་མང་དག་ཅིག་གནང་ཡོད་པ་དེ་དག་རྒྱུན་དུ་ལག་ལེན་དུ་འཁེལ་བ་བྱེད་དགོས། ཞེས་བཀའ་སློབ་ནན་པོ་གནང་སྟེ་མཛད་རིམ་ལེཌ་པར་གྲུབ་སྟེ་ཚེས་ ༡༢ སྔ་དྲོ་ཆུ་ཚོད་ ༨།༣༠ ཙམ་ལ་རིན་པོ་ཆེ་སྐུ་འཁོར་རྣམ་པ་གཞིས་སྒར་ནས་ཕེབས་ཐོན་གྲུབ་རྗེས་ཆོས་རིག་དྲུང་འཕར་ནོར་བུ་དོན་ལྡན་ལགས་ཕྱི་ཚེས་ ༡༧ སྔ་དྲོ་རྡ་སར་ཕེབས་འབྱོར་གནང་བ་བཅས་ཀྱི་གནས་ཚུལ་དུ།།