ཕྱི་ལོ་ ༢༠༠༨ ཟླ་ ༩ ཚེས་ ༢༦ རེས་གཟའ་པ་སངས།
༄༅། །རྒྱལ་སྤྱིའི་གསར་ལམ་ཁག་ནས་གནས་ཚུལ་སྤེལ་བར་གཞིགས་ན། བཙན་བྱོལ་བོད་གཞུང་གི་བཀའ་ཟུར་རྣམ་པས་ཉིན་ལྔའི་རིང་གི་ལྷན་ཚོགས་ཤིག་ཕྱི་ལོ་ ༢༠༠༨ ཟླ་ ༩ ཚེས་ ༢༢ རེས་གཟའ་ཟླ་བའི་ཉིན་བཞུགས་སྒར་རྡ་རམ་ས་ལ་ནོར་གླིང་བོད་ཀྱི་རིག་གཞུང་གཅེས་སྐྱོང་བསྟི་གནས་ཁང་དུ་དབུ་འཛུགས་གནང་ཡོད་པ་དང་། ལྷན་ཚོགས་དེའི་ཐོག་རྒྱ་གར་དང་ཕྱི་རྒྱལ་ཡུལ་གྲུ་ཁག་ཏུ་བཞུགས་པའི་བཀའ་ཟུར་བཅོ་ལྔ་ཙམ་ཕེབས་ཡོད་འདུགཐེངས་འདིའི་ལྷན་ཚོགས་དེ་གནང་དོན་ནི་རྒྱ་བོད་གཉིས་ཀྱི་དཀའ་རྙོག་སེལ་རྒྱུའི་སླད་འབྲེལ་མོལ་གནང་དང་གནང་བཞིན་པར་ཡར་རྒྱས་ཡོང་རྒྱུའི་ཆེད་དགོངས་འཆར་གནང་རྒྱུ་དང་། དེ་བཞིན་རྒྱ་ནག་གི་དཔོན་རིགས་ཚོས་བོད་མིའི་ཆོས་སྲིད་གཉིས་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་ཁུངས་མེད་ལུང་མེད་ཀྱིས་མཚན་སྨད་ཤུགས་ཆེ་བྱེད་ཀྱི་ཡོད་པ་དེ་འགོག་རྒྱུར་བཀའ་གྲོས་གནང་ཡོད་པ་རེད་འདུག
ཉིན་ལྔའི་རིང་གི་ལྷན་ཚོགས་དེའི་ཐོག་བཀའ་ཟུར་སྐུའི་གཅེན་པོ་རྒྱ་ལོ་དོན་གྲུབ་མཆོག་དང་། བཀའ་ཟུར་འཇུ་ཆེན་ཐུབ་བསྟན་རྣམ་རྒྱལ་མཆོག བཀའ་ཟུར་སྐུའི་གཅུང་མོ་རྗེ་བཙུན་པལྨ་མཆོག བཀའ་ཟུར་བསོད་ནམས་སྟོབས་རྒྱལ་མཆོག བཀའ་ཟུར་ཨ་ལགས་འཇིགས་མེད་མཆོག བཀའ་ཟུར་བཀྲས་མཐོང་བསྟན་འཛིན་རྣམ་རྒྱལ་མཆོག བཀའ་ཟུར་རིན་ཆེན་མཁའ་འགྲོ་མཆོག བཀའ་ཟུར་བཀྲས་མཐོང་ཚེ་དབང་ཆོས་རྒྱལ་མཆོག བཀའ་ཟུར་པལྨ་ཆོས་འབྱོར་མཆོག བཀའ་ཟུར་སྐལ་བཟང་ཡེ་ཤེས་མཆོག བཀའ་ཟུར་མདོ་སྔགས་བསྟན་འཛིན་མཆོག བཀའ་ཟུར་ཀིརྟི་རིན་པོ་ཆེ་མཆོག བཀའ་ཟུར་བློ་བཟང་དར་རྒྱས་མཆོག་བཅས་བཀར་ཟུར་བཅུ་གསུམ་ཙམ་ཕེབས་ཞུགས་གནང་ཡོད་པ་རེད།
ལྷན་འཛོམས་དེ་ཕྱི་ལོ་ ༢༠༠༨ ཟླ་ ༩ ཚེས་ ༢༦ ཉིན་མཇུག་བསྒྲིལ་རྒྱུ་ཡིན་འདུག