ཕྱི་ལོ་ ༢༠༠༨ ཟླ་ ༩ ཚེས་ ༤ རེས་གཟའ་ཕུར་བུ།
༄༅། །བཀའ་ཁྲིའི་སྒེར་དྲུང་ནས་ཕྱི་ལོ་ ༢༠༠༨ ཟླ་ ༩ ཚེས་ ༣ ཉིན་འཁོད་གནས་ནང་། དཔལ་ལྡན་བཀའ་བློན་ཁྲི་པ་མཁས་དབང་ཟམ་གདོང་རིན་པོ་ཆེ་མཆོག་འདི་ཟླའི་ཕྱི་ཚེས་ ༡ ནས་ཚེས་ ༣ ཕྱི་དྲོ་བར་མུམ་བཡི་རུ་གཞུང་འབྲེལ་ཕྱོགས་ཕེབས་སྙན་གསན་ཞུས་ཟིན་ཡང་། ད་ཆ་བཀའ་ཁྲི་མཆོག་གི་མཛད་འཆར་ལ་འགྱུར་བ་ཕྲན་བུ་ཕྱིན་པས་བཀའ་ཁྲི་མཆོག་ཕྱི་ཚེས་ ༥ ཉིན་ལྡི་ལིར་བཞུགས་ཞག་དང་ཕྱི་ཚེས་ ༦ ཉིན་ཇཡའི་པུར་ཉེ་འགྲམ་དུ་(Jal Kumb)ཞེས་པའི་རྒྱུག་ཆུ་སྲུང་སྐྱོབ་དང་གཉེར་སྲུང་གི་ཚོགས་འདུ་ཞིག་ལ་ཕེབས་རྒྱུ་དང་དེའི་ཕྱི་དྲོ་ལྡི་ལི་བརྒྱུད་སྤ་ཀོར་ཕེབས་ཐོན་གྱིས་ཕྱི་ཚེས་ ༧ ཉིན་བཞུགས་སྒར་རྡ་སར་ཕེབས་འབྱོར་གནང་རྒྱུ་ཡིན་པ་བཅས་ཀྱི་གནས་ཚུལ་སྙིང་བསྡུས་སུ།།