ཕྱི་ལོ་ ༢༠༠༨ ཟླ་ ༨ ཚེས་ ༢༩ རེས་གཟའ་པ་སངས།
༄༅། །དཔལ་ལྡན་སྐུ་སྒེར་ཡིག་ཚང་ནས་ཕྱི་ལོ་ ༢༠༠༨ ཟླ་ ༨ ཚེས་ ༢༩ ཉིན་གསར་འགོད་གསལ་བསྒྲགས་ཤིག་སྤེལ་བའི་ནང་འཁོད་དོན། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཁ་སེང་ཕྱེད་ཡོལ་མུམ་འབེ་དུ་ཞབས་སོར་འཁོད་རྗེས་སྐུ་ཁམས་བདེ་མིན་གྱིས་བརྟག་དཔྱད་གནང་ཡོད་པ་རེད། བརྟག་དཔྱད་གྲུབ་རྗེས་སྨན་པ་རྣམས་ཀྱིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་སྐུ་ཁམས་གསལ་ཐང་ཡིན་པས་ཐུགས་འཚབ་གང་ཡང་གནང་མི་དགོས་པའི་ཁས་ལེན་གནང་ཡོད་པ་རེད། ཡིན་ནའང་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་སྐུ་ངལ་གསོ་དགོས་པ་སྨན་པས་གསུངས་ཡོད་པ་རེད།
བོད་གཞུང་མང་ཛ་དྲག་ལས་འགུལ་ཚོགས་ཆུང་ནས་ཞི་བདེ་དང་རང་དབང་གི་སླད་བཞུགས་སྒར་རྡ་ས་དང་དེ་མིན་ས་གནས་གང་སར་ཆུ་ཚོད་ ༡༢ རིང་ཟས་བཅས་སྨྱུང་གནས་དང་སྨོན་ལམ་གསོལ་འདེབས་ཀྱིས་ལས་འགུལ་ཞིག་སྤེལ་ཡོད་པའི་ནང་མུམ་འབེ་དུ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཀྱང་ལྷན་ཞུགས་གནང་རྒྱུ་ཡིན་འདུག
ཐུགས་སྣང་། གསལ་བསྒྲགས་ངོ་མ་དབྱིན་ཡིག་ཐོག་ཡོད་པ་ནས་འདི་ག་བོད་ཡིག་ཚན་པས་ཕབ་སྒྱུར་ཞུས་པས་ཚིག་དོན་ལ་ཧེ་བག་ཡོད་ཚེ་རྩ་བ་དབྱིན་ཡིག་རང་ལ་རྩ་འཛིན་ཡོད་པ་ཞུ།