ཕྱི་ལོ་ ༢༠༠༨ ཟླ་ ༨ ཚེས་ ༢༣ རེས་གཟའ་སྤེན་པ།
༄༅། །དད་ཅན་རང་རིགས་དྭང་སློབ་དམག་སྒར་ནས་ལོ་ལྟར་རྡ་ས་བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་དབུས་རིས་སུ་མ་ཆད་པའི་སྐྱེས་ཆེན་དམ་པ་གང་ན་སུ་བཞུགས་སྐུ་ཚེ་རྡོ་རྗེའི་ངོ་བོར་བརྟན་ཞིང་། ཐུགས་ཀྱི་བཞེད་དགོངས་མཐའ་དག་འབད་མེད་ལྷུན་གྱིས་འགྲུབ་པ་དང་། བོད་དོན་བདེན་མཐའ་མྱུར་དུ་སེལ་བ། སྒོས་སུ་འཛམ་གླིང་ཁྱོན་ནང་ནད་མུག་འཁྲུག་རྩོད་སོགས་ཡ་ང་བའི་འཇིགས་ཚོགས་རྣམས་རང་སར་ཞི་ཞིང་། མ་གྱུར་ནམ་མཁའི་མཐའ་དང་མཉམ་པའི་འགྲོ་བ་རིགས་དྲུག་སེམས་ཅན་ཐམས་ཅད་ཕྱག་ན་པདྨོའི་རྗེས་བཟུང་བཅས་ལ་དམིགས་ཏེ་རྡ་ས་བཞུགས་སྒར་ཐེག་ཆེན་གཙུག་ལག་ཁང་གི་རྟེན་མཆོག་སྤྱན་སྔར་མཆོད་སྤྲིན་སྟོང་ཚར་དང་། བྱང་གཏེར་རིག་འཛིན་གདུང་སྒྲུབ་ཀྱི་ཆོ་གའི་སྒོ་ནས་མཧཱ་གུ་རུའི་ཚོགས་མཆོད་འབུམ་ཐེར་སྨིན་སྒྲུབ་ཞུ་མུས་ཀྱང་། འདི་ལོ་བོད་རྒྱལ་པོ་ ༢༡༣༥ རབ་བྱུང་རི་ཟླའི་ས་བྱི་བོད་ཟླ་ ༦ ཚེས་ ༢༤ ནས་ཚེས་ ༢༩ བར་དང་། ༢༠༠༨ ཕྱི་ཟླ་ ༨ ཚེས་ ༢༥ ནས་ཚེས་ ༢༩ བར་ཉིན་གྲངས་ལྔའི་རིང་སྔ་དྲོ་ཆུ་ཚོད་ ༦།༣༠ ནས་ ༡༢ བར་དང་། ཕྱི་དྲོ་ ༡།༣༠ ནས་ ༤།༣༠ ཚོགས་གཏན་འཁེལ་བ་བཅས་ཀྱི་གནས་ཚུལ་དུ།