༄༅། །ངོས་ཀྱིས་རིང་མིན་པེ་ཅིང་དུ་ཚོགས་རྒྱུའི་ཨོ་ལེམ་པིཀ་རྩེད་འགྲན་གྱི་གོ་སྒྲིག་ཚོགས་ཆུང་དང་། རྩེད་འགྲན་པ། ཀྲུང་ཧ་མི་མང་སྤྱི་མཐུན་རྒྱལ་ཁབ་བཅས་ལ་འཚམས་འདྲི་ཞུ་བཞིན་ཡོད།
ཐོག་མར་རྒྱ་ནག་གཞུང་གིས་ཨོ་ལེམ་པིཀ་རྩེད་འགྲན་རྒྱ་ནག་ནང་ཚོགས་རྒྱུར་སྙན་ཞུ་ཕུལ་བའི་སྐབས་ནས་ངོས་ཀྱིས་རྒྱ་ནག་གཞུང་ཕྱོགས་ནས་རྩེད་འགྲན་དེ་གོ་སྒྲིག་ཞུ་རྒྱུའི་ཐོབ་ཐང་ལ་རྒྱབ་སྐྱོར་ཞུས་ཡོད། དེ་ནི་ཐེར་འབུམ་ ༡་༣ ཡོད་པའི་རྒྱ་ནག་མི་མང་གི་རླབས་ཆེན་གྱི་སྤོབས་སེམས་བྱ་རྒྱུའི་དུས་ཚོད་ཅིག་རེད། རྩེད་འགྲན་དེས་ངེས་པར་དུ་ཨོ་ལེམ་པིཀ་རྩེད་འགྲན་གྱི་རྩ་དོན་ཏེ་མཛའ་མཐུན་དང་། གུ་ཡངས། ཞི་བདེ་བཅས་གོང་སྤེལ་གཏོང་རྒྱུར་ཕན་འབྲས་ཐོན་པ་བྱེད་དགོས་ཀྱི་རེད། ངོས་ཀྱིས་དུས་སྟོན་དེ་ལམ་ལྷོང་ཡོང་སླད་སྨོན་ལམ་དང་འཚམས་འདྲི་ཞུ་གི་ཡོད།
ཏཱ་ལའི་བླ་མས།
ཕྱི་ལོ་ ༢༠༠༨ ཟླ་ ༨ ཚེས་ ༦ ལ།
ཐུགས་སྣང་། གསུང་འཕྲིན་ངོ་མ་དེ་དབྱིན་ཡིག་ཐོག་ཡོད་པ་ནས་འདི་ག་བོད་ཡིག་ཚན་པས་ཕབ་སྒྱུར་ཞུས་པས་ཚིག་དོན་ལ་ཧེ་བག་ཡོད་ཚེ་རྩ་བ་དབྱིན་ཡིག་ལ་རྩ་འཛིན་ཡོད་པ་ཞུ།།