ཕྱི་ལོ་ ༢༠༠༨ ཟླ་ ༧ ཚེས་ ༣༡ རེས་གཟའ་ཕུར་བུ།
༄༅། །ཀོ་རི་ཡའི་ནང་པའི་དད་ལྡན་ཆོས་ཞུ་བ་རྣམས་ཀྱིས་ཇི་ལྟར་གསོལ་བ་བཏབ་པ་བཞིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་བཞུགས་སྒར་གྱི་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་ཕྱི་ལོ་ ༢༠༠༨ ཟླ་ ༨ ཚེས་ ༤ ནས་ཚེས་ ༦ བར་བྱང་ཆུབ་ལམ་གྱི་སྒྲོན་མེའི་གསུང་ཆོས་བཀའ་དྲིན་བསྐྱང་རྒྱུ་ཡིན་འདུག སྔ་དྲོ་ཆུ་ཚོད་ ༩།༠༠ ནས་ ༡༡།༣༠ བར་དང་ཕྱེད་ཡོལ་ཆུ་ཚོད་ ༡།༠༠ ནས་ཆུ་ཚོད་ ༣།༣༠ བར་ཉིན་རེར་ཆོས་མཐུན་གཉིས་རེ་བསྐྱང་རྒྱུ་ཡིན་པ་དང་། ཐེངས་འདིའི་གསུང་ཆོས་ཞུ་མཁན་ཀོ་རི་ཡའི་དད་ལྡན་ཆོས་ཞུ་བ་མི་གྲངས་ ༣༠༠ ནས་ ༤༠༠ བར་བཅར་འཆར་ཡོད་འདུག དེ་མིན་དད་ལྡན་ཆོས་ཞུར་བཅར་བློ་ཡོད་རིགས་རྣམས་ནས་གོང་གསལ་དུས་ཚོད་ཐོག་བཅར་འཛོམས་དགོས་པའི་གནས་བསྡུས་སུ།།