ཕྱི་ལོ་ ༢༠༠༨ ཟླ་ ༧ ཚེས་ ༤ རེས་གཟའ་པ་སངས།
༄༅། །བོད་མིའི་ཆོས་སྲིད་གཉིས་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་དམིགས་བསལ་སྐུ་ཚབ་རྒྱ་རི་བློ་གྲོས་རྒྱལ་མཚན་མཆོག་དང་། སྐུ་ཚབ་སྐལ་བཟང་རྒྱལ་མཚན་མཆོག་རྣམ་གཉིས་ནས་ཉེ་ཆར་ཕྱི་ཟླ་ ༧ ཚེས་ ༡ དང་ ༢ ལ་རྒྱ་ནག་གཞུང་གི་སྐུ་ཚབ་རྣམས་དང་བོད་རྒྱ་འབྲེལ་མོལ་ཐེངས་བདུན་པ་གནང་བའི་སྐོར་ལ་གསར་འགོད་གསལ་བསྒྲགས་བསྐྱང་རྒྱུ་ཡིན་འདུག
དེ་ཡང་ཕྱི་ཟླ་ ༧ ཚེས་ ༥ ཉིན་གྱི་སྔ་དྲོ་སྐུ་ཚབ་རྣམ་གཉིས་ནས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་། བཀའ་ཤག བོད་མི་མང་སྤྱི་འཐུས་ཚོགས་གཙོ་དང་ཚོགས་གཞོན་རྣམ་གཉིས་བཅས་ལ་བོད་རྒྱ་འབྲེལ་མོལ་ཐེངས་བདུན་པའི་སྐོར་ལ་སྙན་སེང་ཞུ་རྒྱུ་དང་། དེ་རྗེས་ཕྱེད་ཡོལ་ཆུ་ཚོད་ ༡༢།༣༠ ཐོག་ལས་བྱེད་གསོལ་ཚིགས་ཁང་གི་ཡང་སྟེང་ཚོགས་ཁང་དུ་གསར་འགོད་གསལ་བསྒྲགས་བསྐྱང་རྒྱུ་ཡིན་འདུག