ཕྱི་ལོ་ ༢༠༠༨ ཟླ་ ༧ ཚེས་ ༡༥ རེས་གཟའ་ཟླ་བ།
༄༅། །སིམ་ལར་ ༡༩༡༤ ལོའི་བོད་རྒྱའི་ས་མཚམས་དབར་ཆིངས་ཡིག་བཞག་སྟེ་ལོ་ངོ་ ༩༤ ཧྲིལ་པོ་འཁོར་བའི་དུས་དྲན་སྲུང་བརྩི་ཞུ་བའི་གྲ་སྒྲིག་གི་སླད་བོད་མི་མང་སྤྱི་འཐུས་ཚོགས་གཞོན་རྒྱ་རི་སྒྲོལ་མ་མཆོག་དང་། སྤྱི་འཐུས་དགེ་བཤེས་བེ་རི་འཇིགས་མེད་དབང་རྒྱལ་ལགས། སྤྱི་འཐུས་ཀིརྟི་སྒྲོལ་དཀར་ལྷ་མོ་ལགས། སྤྱི་འཐུས་སྒྲོལ་མ་ཚེ་རིང་ལགས་བཅས་ཕྱི་ལོ་ ༢༠༠༨ ཟླ་ ༦ ཚེས་ ༢༦ ཉིན་སིམ་ལར་ཕེབས་ཡོད་པ་རེད།
༢༠༠༨ ཟླ་ ༧ ཚེས་ ༢ ཉིན་ཕྱི་དྲོ་ཆུ་ཚོད་ ༥ ཙམ་ལ་སིམ་ལར་གནས་བཞུགས་རང་རེའི་བོད་མི་རྣམས་ནས་བོད་ནང་གི་རྒྱལ་གཅེས་དཔའ་བོ་དཔའ་མོ་རྣམས་ལ་གུས་བཏུད་ཀྱི་བཀྲིན་རྗེས་དྲན་དང་བོད་ནང་གི་བོད་མིའི་སྙིང་སྟོབས་དང་བློས་བཏང་ལ་གདུང་སེམས་མཉམ་སྐྱེ་མཚོན་སླད་མར་མེ་ཁྲོམ་སྐོར་ཞིག་གོ་སྒྲིག་ཞུས་པའི་ནང་ཧི་མ་ཅལ་མངའ་སྡེའི་གྲོས་ཚོགས་ཀྱི་ཕྱོགས་འགལ་ཚོགས་པའི་དབུ་ཁྲིད་ལྕམ་སྐུ་ Mrs. Vidya Stokes དང་། BJP གྲོས་ཚོགས་འཐུས་མི། ཧི་མ་ལ་ཡའི་གྲོས་ཚོགས་འཐུས་མིའི་གླེང་སྟེགས་ཀྱི་འགན་འཛིན་ Mr. Kiren Rijiju དང་དྲུང་ཆེ་བླ་མ་ཆོས་འཕེལ་བཟོད་པ་(MLA)རྒྱ་གར་གཞུང་གྲངས་ཉུང་མི་རིགས་ཀྱི་སྤྱི་ཁྱབ། སྐུ་ཞབས་Sukkuཧི་མ་ཅལ་མངའ་སྡེའི་བློན་ཆེན་ཟུར་པ་སྐུ་ཞབས་ཕུན་ཚོགས་ར་ཡི། ཧི་མ་ལ་ཡའི་ཁྱིམ་ཚང་ཞེས་པའི་སྤྱི་ཁྱབ་Mrs. Mallika Nadda དང་དྲུང་ཆེ་ Mr. Indresh
Rastogi སིམ་ལ་མཐོ་རིམ་སློབ་གྲྭའི་སློབ་དཔོན། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཙོ་སྐུ་ངོ་ཀརྨ་ཆོས་འཕེལ་མཆོག རྒྱ་གར་ནང་པའི་ཆོས་ཚོགས་ཀྱི་འཐུས་མི་ Bikshu Bandhu བོད་ཀྱི་གནད་དོན་ཐད་ཧི་མ་ལ་ཡའི་ལས་འགུལ་ཚོགས་ཆུང་(Himalaya Committee for Action on Tibet) གི་ཚོགས་མི། ལ་དྭགས་ཀྱི་སྐུ་ཞབས་བཀྲིས་དར་རྒྱས་ལགས་བཅས་ནས་མང་ཚོགས་ལ་བོད་དོན་དང་འབྲེལ་བའི་གསུང་བཤད་གནང་བའི་མཇུག་ཏུ་ཚོགས་གཞོན་རྒྱ་རི་སྒྲོལ་མ་མཆོག་ནས་གསུང་བཤད་གནང་མཁན་རེ་རེ་བཞིན་ངོ་སྤྲོད་ཀྱིས་ཐུགས་རྗེ་ཆེ་ཞུས་རྗེས་ Sher-e-Punjab མདུན་ཐང་ནས་ Mall Gandhi བར་མར་མེ་ཁྲོམ་སྐོར་གནང་ཡོད་པ་རེད། ཕྱི་ལོ་ ༢༠༠༨ ཟླ་ ༧ ཚེས་ ༣ ཉིན་རྒྱབ་ཆུ་ཚོད་ ༤ པའི་ཐོག་རྒྱ་གར་དང་བོད་ཀྱི་ས་མཚམས་ཐད་ཤིང་སྟག་སིམ་ལའི་ཆིངས་ཡིག་བཞག་ནས་མི་ལོ་ ༩༤ སོང་བའི་དུས་ཚིགས་ཉིན་གྱི་སྐུ་མགྲོན་གཙོ་བོ་ཧི་མ་ཅལ་མངའ་སྡེའི་བློན་ཆེན་ Prof. Prem Kumar Dhumal མཆོག་དང་། མངའ་སྡེའི་བློན་ཆེན་སྐུ་འཁོར་བཅས་སྙན་གྲགས་ཅན་གྱི་ Peterhoff ཚོགས་ཁང་དུ་ཕེབས་སྐབས་ཧི་མ་ལ་ཡའི་གྲོས་ཚོགས་འཐུས་མིའི་གླེང་སྟེགས་ཀྱི་སྤྱི་ཁྱབ་ན་གྲ་ལགས་དང་དྲུང་ཆེ་བླ་མ་ཆོས་འཕེལ་བཟོད་པ་ལགས། བོད་མི་མང་སྤྱི་འཐུས་ཚོགས་གཙོ་བཅས་ནས་དགའ་བསུའི་སྣེ་ལེན་ཞུས་ཡོད་པ་རེད།
བོད་ཀྱི་ཐུན་མོང་མ་ཡིན་པའི་རིག་གཞུང་དང་། རྒྱལ་རབས་ལོ་རྒྱུས། བོད་མིའི་འཐབ་རྩོད་བཅས་མཚོན་པའི་འདྲ་པར་འགྲེམས་སྟོན་གནང་ཡོད་པ་རེད།
སྐུ་མགྲོན་གཙོ་བོ་ Prof. Prem Kumar Dhumal གཙོས་པའི་སྐུ་མགྲོན་ཡོངས་ནས་དོ་སྣང་ཆེན་པོའི་ཐོག་ནས་འདྲ་པར་འགྲེམས་སྟོན་ཁག་ལ་གཟིགས་ཞིབ་གནང་རྗེས་ཚོགས་ཁང་གི་སྡིངས་ཆའི་སྟེང་འཁོད་མཚམས་སྐུ་མགྲོན་གཙོ་བོ་མཆོག་ནས་སྟོན་པ་ཐུགས་རྗེ་ཅན་གྱི་སྐུ་བརྙན་དང་། བྷ་ར་ཊ་མ་ཊའི་(Bharat Mata) སྐུ་བརྙན་མདུན་མར་མེ་ཞལ་འབྱེད་གནང་རྗེས་དགེ་འདུན་གསུམ་ནས་ནང་ཆོས་ཀྱི་བཀྲིས་ཆོ་གའི་ཞལ་འདོན་དང་རྒྱ་གར་བུ་མོ་བཞིིས་ན་རྡེ་མ་ཏ་རམ་ཞེས་པའི་ཤིས་བརྗོད་ལྡན་པའི་གཞས་ཀྱི་མཛད་སྒོ་དབུ་འཛུགས་གནང་ཡོད་པ་རེད། ཧི་མ་ཅལ་ཧི་མ་ལ་ཡའི་ཁྱིམ་ཚང་ཞེས་པའི་འགན་འཛིན་ལྕམ་སྐུ་ན་གྲ་ལགས་ནས་དགའ་བསུའི་གསུང་བཤད་གནང་གྲུབ་མཚམས་མཛད་སྒོ་གོ་སྒྲིག་ཚོགས་ཆུང་དང་། བོད་གཞུང་མང་ཛ་དྲག་ལས་དོན་ཚོགས་ཆུང་གི་ངོས་ནས་སྐུ་མགྲོན་རྣམས་ལ་ཧི་མ་ཅལ་ཤོལ་དང་། ཞྭ་མོ། བཙན་བྱོལ་བོད་གཞུང་མང་ངོས་ནས་སྟོན་པའི་སྐུ་བརྙན་དང་། མཇལ་དར་བཅས་ཕུལ་ཡོད་པརེད།
དུས་དྲན་གྱི་གསུང་བཤད་ཐོག་མར་ཨ་རུ་ན་ཅལ་མངའ་སྡེའི་གྲོས་ཚོགས་འཐུས་མི་སྐུ་ཞབས་ཀི་རན་རི་ཇི་ཇུ་ (Mr. Kiren Rijiju) ལགས་ནས་དབུ་འཛུགས་དང་། དེ་རྗེས་ཌོག་ཀྲར་སུ་མན་ས་ཅར་མཆོག་ནས་སྙན་རྩོམ་བོད་ཀྱི་འབོད་སྒྲ་(Tibetan ki Aawaz) ཞེས་པ་འི་དེབ་དེ་ཕྱི་བསྒྲགས་གནང་ཡོད་པ་རེད། དེ་རྗེས་རིམ་བཞིན་མཚན་གཞུང་ལྟར་གསུང་བཤད་གནང་། སྤྱི་འཐུས་ཚོགས་གཙོ་ཀརྨ་ཆོས་འཕེལ་མཆོག་དང་། ཚེ་རིང་བསམ་འཕེལ་ལགས། མཚོ་སྣ་རིན་པོ་ཆེ། སློབ་དཔོན་སི་ཨེལ་གྲུབ་ཏ་ལགས། ཌོག་ཀྲ་ཀུལ་རྡིབ་ཨག་ནི་ཧོ་ཏྲི། སྐུ་ཞབས་ཕུན་ཚོགས་ར་ཡི་ལགས། ཤན་ཏི་རྡེ་ཝི། སྐུ་ཞབས་ཇོ་རམ་ཁྲ་ཀུར། སྤྱི་འཐུས་ཚོགས་གཞོན་རྒྱ་རི་སྒྲོལ་མ་མཆོག་བཅས་ཀྱི་གསུང་བཤད་གནང་རྗེས་སྐུ་མགྲོན་གཙོ་བོ་མཆོག་ནས་དུས་ཚིགས་ཀྱི་དོན་སྙིང་ཐད་བཀའ་སློབ་ཟབ་རྒྱས་ཤིག་གནང་ཡོད་པ་རེད། སྤྱི་འཐུས་བེ་རི་འཇིགས་མེད་དབང་རྒྱལ་ལགས་ནས་སིམ་ལའི་ཆིངས་ཡིག་གི་ལོ་རྒྱུས་ཕྱོགས་བསྒྲིགས་གནང་ཡོད་པ་དེ་ལྟར་དབྱིན་ཧིན་སྐད་ནང་སྒྱུུར་ཟིན་ཡོད་པ་དེ་ཚོགས་འདུའི་ཐོག་གསར་འགོད་པ་དང་ཚོགས་མི་རྣམས་ལ་འགྲེམས་སྤེལ་གནང་།
དེ་རྗེས་བླ་མ་ཆོས་འཕེལ་བཟོད་པ་མཆོག་ནས་ཐུགས་རྗེ་ཆེ་ཞུའི་གསུང་བཤད་གནང་ཏེ་གསུང་བཤད་ཀྱི་མཛད་རིམ་ལེགས་གྲུབ་རྗེས་ཚོགས་བཅར་བ་ཡོངས་ལ་གསོལ་ཇ་བཞེས་ཏོག་འདེགས་ཕུལ་གྱིས་བར་སེང་ཆུ་ཚོད་ཕྱེད་ཙམ་རྗེས་སླར་ཡང་ཚོགས་ཁང་དུ་ཚང་འཛོམས་ཀྱི་ཧི་མ་ལ་ཡའི་རི་རྒྱུད་ཀྱི་སྡེ་ཚན་ ༤ དང་། བོད་གཞུང་ཟློས་གར་ཚོགས་པ། སིམ་ལ་བོད་སློབ་འཛིན་ཚོགས་སློབ་གྲྭ། རྒྱ་གར་གཞས། དེ་བཞིན་རྡ་ས་གྷོར་ཁའི་ཡུལ་གཞས་བཅས་ཀྱི་ཁྲབ་སྟོན་གནང་ཡོད་པ་དང་བར་མཚམས་སུ་སྐུ་མགྲོན་ཆེད་ཕེབས་རྣམས་དང་མང་ཚོགས་བཅས་ལ་རང་ཕྱོགས་ནས་མཇལ་དར་དང་དུས་ཚིགས་དྲན་རྟེན། གོ་སྒྲིག་ཚོགས་ཆུང་ནས་ཤོལ་དང་ཞྭ་མོ་བཅས་ཕུུལ་ཏེེ་ཆུ་ཚོད་ ༡༠ ཐོག་མཛད་སྒོ་རྒྱལ་ཁའི་ངང་ལེགས་གྲུབ་བྱུང་ཡོད་པ་རེད།།