༄༅། །འདི་ནི་ཕྱི་ལོ་ ༢༠༠༨ ཟླ་ ༨ ཚེས ༢ ཉིན་རྒྱ་གར་གྱི་དུས་བབ་ (Times of India) ཅེས་པའི་དྲྭ་རྒྱའི་ནང་། བལ་ཡུལ་གྱི་མའོ་ཚོགས་པའི་ཉིན་རེའི་གསར་ཤོག་ཇ་ན་སྡི་ཤཱ་ (Janadisha Daily) ཅེས་པའི་ནང་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བལ་ཡུལ་གྱི་ཕྲུ་གུ་ཚོར་བསམ་བློའི་ལྟ་བའི་སློབ་གསོ་སྤེལ་གྱི་ཡོད་པའི་སྐྱོན་འཛུགས་བྱས་པར་ཁུངས་གཏུགས་པ་ཞིག་ཡིན།
མའོ་ཚོགས་པས་བཤད་པར་གཞིགས་ན། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཕྲུ་གུ་ལོ་བདུན་ཚུན་ལའང་སློབ་སྦྱོང་སྤྲོད་རྒྱུར་ཁག་དཀྲི་བཏགས་ནས་བལ་ཡུལ་ནས་བསླུ་བྲིད་བྱས་རྗེས་ཕྲུ་གུ་ཚོར་བསམ་བློའི་ལྟ་བའི་སློབ་གསོ་སྤེལ་གྱི་ཡོད་པའི་སྐྱོན་འཛུགས་བྱས་ཡོད་པ་རེད།
བཙན་བྱོལ་བོད་གཞུང་གིས་བལ་ཡུལ་གྱི་ཕྲུ་གུ་ཕོན་ཆེན་བོད་གཞུང་གི་སློབ་གྲྭ་ཁག་དང་སློབ་གཉེར་ཁང་ཁག་ནང་གསར་འཇུག་བྱེད་རྒྱུར་རྒྱབ་སྐྱོར་དང་སྐུལ་མ་གཏོང་རྒྱུ་སོགས་གང་ཡང་བྱས་མེད་ལ་ང་ཚོས་དེ་ལྟར་བྱེད་རྒྱུའི་དཔལ་འབྱོར་དང་ཆ་རྐྱེན་ཡང་མེད། ལོ་ལྟར་བོད་ནས་བོད་མི་གཞོན་སྐྱེས་མང་པོ་ཞིག་སློབ་སྦྱོང་གི་སླད་རང་ཡུལ་བྲལ་ནས་བཙན་བྱོལ་དུ་ཡོང་གི་ཡོད་སྟབས་ཁོང་ཚོར་སློབ་སྦྱོང་གི་གོ་སྐབས་སྐྲུན་དགོས་ཀྱི་ཡོད།
དོན་དངོས་ཐོག་བཙན་བྱོལ་བོད་མིའི་སྤྱི་ཚོགས་ནང་འདོད་བློ་མ་ཁེངས་པའི་མི་ཁག་གཅིག་གིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་བཙན་བྱོལ་བོད་གཞུང་གི་མཚན་ཐོག་ནས་བལ་ཡུལ་གྱི་ཕྲུ་གུ་ཕོན་ཆེན་གསར་འཇུག་བྱེད་ཀྱི་ཡོད་པའི་རྫུན་གཏམ་གྱི་གནས་ཚུལ་སྤེལ་ཏེ། དངོས་གསལ་དོད་པོས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་བཙན་བྱོལ་བོད་གཞུང་ལ་མཚན་ཤས་དང་མཚན་སྨད་བཟོ་ཡི་ཡོད་པ་རེད།།
འབྲེལ་གཏུགས་གནང་ཡུལ།
ཐུབ་བསྟན་བསམ་འཕེལ་ལགས།
དྭགས་པོ་བསོད་ནམས་ནོར་བུ་ལགས།
ཞལ་པར་ཨང་གྲངས། ༠༡༨༩༢་་་༢༢༢༥༡༠ ༢༢༢༤༥༧ ༢༢༤༦༦༢
ཐུགས་སྣང་། གསལ་བསྒྲགས་ངོ་མ་དེ་དབྱིན་ཡིག་ཐོག་ཡོད་པ་ནས་འདི་ག་བོད་ཡིག་ཚན་པས་ཕབ་སྒྱུར་ཞུས་པས་ཚིག་དོན་ལ་ཧེ་བག་ཡོད་ཚེ་རྩ་བ་དབྱིན་ཡིག་ལ་རྩ་འཛིན་ཡོད་པ་ཞུ།།