ཕྱི་ལོ་ ༢༠༠༨ ཟླ་ ༧ ཚེས་ ༡༧ རེས་གཟའ་ཕུར་བུ།
༄༅། །རྒྱལ་སྤྱིའི་གསར་ལམ་ཁག་ནས་གནས་ཚུལ་སྤེལ་གསལ་ལྟར་ན། ཕྱི་ལོ་ ༢༠༠༨ ཟླ་ ༧ ཚེས་ ༡༥ ཉིན་བོད་རང་སྐྱོང་ལྗོངས་དམར་ཤོག་སྒྲིག་གཤེར་ཁང་དང་། ལྗོངས་སྲིད་གཞུང་ལྟ་ཞིབ་ཐིང་ཟེར་བ་གཉིས་ཀྱིས་བོད་མི་གུང་ཁྲན་ཏང་ཡོན་དང་ལས་བྱེད་པ་ཚོས་རང་གི་བུ་ཕྲུག་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཕྱག་འཛུགས་མཛད་པའི་བཙན་བྱོལ་གྱི་སློབ་གྲྭའི་ནང་སློབ་གཉེར་བྱེད་པར་སྒྲིག་ཁྲིམས་ཆད་པ་གཏན་འབེབ་ཚོད་ལྟ་ཞེས་པ་བཏོན་ཡོད་པ་དང་། རིང་མིན་དངོས་སུ་ལག་བསྟར་བྱེད་རྒྱུ་ཡིན་པ་དང་གལ་ཏེ་སྐབས་འདིར་བོད་ནང་བོད་མི་གུང་ཁྲན་ཏང་ཡོན་དང་། ལས་བྱེད་པའི་བུ་ཕྲུག་བཙན་བྱོལ་ནང་གི་སློབ་གྲྭ་དང་དགོན་སྡེ་ཁག་ནང་སློབ་གཉེར་བྱེད་བཞིན་པ་རྣམས་བོད་དུ་ཕྱིར་ལོག་མ་བྱས་ཚེ་ཕ་མ་ལས་གནས་ནས་གནས་དབྱུང་གཏོང་རྒྱུ་དང་། འཇུ་བཟུང་བྱ་རྒྱུ་སོགས་བོད་མི་ལས་བྱེད་པ་དེ་དག་གི་གནས་སྟངས་ཧ་ཅང་གི་ཉེན་ཚབས་ཆེན་པོའི་གནས་སུ་ལྷུང་ཡོད་པ་རེད།།