ཕྱི་ལོ་ ༢༠༠༨ ཟླ་ ༠༦ ཚེས་ ༢༡ རེས་གཟའ་སྤེན་པ།
༄༅། །བོད་མིིའི་ཆོས་སྲིད་གཉིས་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཨོ་སི་ཀྲོ་ལི་ཡའི་ནང་ཉིན་ལྔ་དང་། དཀྱིལ་ཤར་ཡུལ་གྲུ་ཇོར་ཌན་ནང་ཉིན་གཉིས་ཀྱི་ཆོས་སྲིད་ཀྱི་མཛད་འཕྲིན་དུ་མ་ཞིག་ལེགས་གྲུབ་ཟིན་རྗེས་ཁ་ཉིན་ཕྱི་ལོ་ ༢༠༠༨ ཟླ་ ༦ ཚེས་ ༢༠ རེས་གཟའ་པ་སངས་ཉིན་ལྡི་ལི་ནས་མཁའ་ལམ་བརྒྱུད་གྷ་གལ་གནམ་ཐང་དུ་ཞབས་སོར་འཁོད་སྐབས་བཙན་བྱོལ་བོད་གཞུང་གི་བཀའ་བློན་ཁྲི་པ་ཟམ་གདོང་རིན་པོ་ཆེ་མཆོག་དང་། བོད་མི་མང་སྤྱི་འཐུས་ཚོགས་གཞོན་རྒྱ་རི་སྒྲོལ་མ་ལགས། བཙན་བྱོལ་བོད་གཞུང་གི་ལས་ཁུངས་ཁག་གི་བཀའ་བློན་རྣམ་པ་བཅས་ཕེབས་བསུར་བཅར་ནས་ཕེབས་བསུ་གཟབ་རྒྱས་ཞུས་ཡོད་པ་དང་། ཕྱི་དྲོའི་ཆུ་ཚོད་ ༣།༣༠ ཡོལ་ཙམ་ལ་བཞུགས་སྒར་རྡ་རམ་སར་སྟོན་འཁོར་དང་བཅས་ཞབས་སོར་འཁོད་ཡོད་པ་རེད།།