ཕྱི་ལོ་ ༢༠༠༨ ཟླ་ ༠༦ ཚེས་ ༡༩ རེས་གཟའ་ཕུར་བུ།
༄༅། །བཙན་བྱོལ་གཞུང་ནས་རྒྱ་ནག་གཞུང་གིས་སྙོན་འཛུགས་ལ་ལན་འདེབས་གནང་དང་གནང་མུས་ཡིན་པ་བཞིན། ད་བར་ལན་འདེབས་ཁག་གཉིས་སྤེལ་ཟིན་པ་རྣམས་འདི་གའི་བདུན་རེའི་གསར་ཤོག་བོད་མིའི་རང་དབང་དང་བོད་ཡིག་དྲ་རྒྱའི་ནང་སྤེལ་ཟིན་ཡོད། ལན་འདེབས་གསུམ་པ་༼དེ་སྔའི་བོད་ཀྱི་སྤྱི་ཚོགས་དང་། བཙན་བྱོལ་ཁྲོད་ཀྱི་མང་གཙོའི་ལམ་སྲོལ་༽ཞེས་པ་འདི་ཕྱི་ལོ་ ༢༠༠༨ ཟླ་ ༦ ཚེས་ ༡༧ རེས་གཟའ་མིག་དམར་ཉིན་འདི་ག་རང་གཞུང་གི་དྲ་རྒྱའི་ནང་སྤེལ་ཟིན་ཡོད་ན་ཚང་མས་དོ་སྣང་ཆེན་པོས་གཟིགས་གནང་ཡོང་བ་ཞུ།།