ཕྱི་ལོ་ ༢༠༠༨ ཟླ་ ༦ ཚེས་ ༦ རེས་གཟའ་པ་སངས།
༄༅། །བཀའ་ཁྲིའི་སྒེར་དྲུང་ནས་ ༢༠༠༨ ཕྱི་ཟླ་ ༦ ཚེས་ ༥ ཉིན་གནང་གནས་ནང་། དཔལ་ལྡན་བཀའ་བློན་ཁྲི་པ་མཆོག་ ༢༠༠༨ ཕྱི་ཟླ་ ༦ ཚེས་ ༦ ཉིན་རྒྱབ་ནས་ཚེས་ ༡༠ ཕྱི་དྲོ་བར་ལྡི་ལིར་འཕགས་བོད་འབྲེལ་མཐུད་ཚོགས་པའི་ཚོགས་འདུ་དང་གནད་ཡོད་མི་སྣ་དང་མཇལ་འཕྲད་གནང་རྒྱུ་སོགས་གཞུང་འབྲེལ་ཕྱོགས་བསྐྱོད་ཕེབས་ཡོད་པ་རེད། དེ་ཡང་ཕྱི་ཟླ་ ༦ ཚེས་ ༦ ཉིན་གྷ་གལ་གནམ་ཐང་ནས་མཁའ་ལམ་བརྒྱུད་ལྡི་ལིར་ཕེབས་ཐོན་གནང་ཡོད་པ་རེད། ཚེས་ ༧ ཉིིན་རྒྱ་གར་གྱི་སྲིད་བློན་ཟུར་པ་སྐུ་ཞབས་ཡཤ་་ཝན་སིན་ཧཱ་མཆོག་དང་མཇལ་འཕྲད་གནང་རྒྱུ། ཚེས་ ༨ ཉིན་ཧིན་བོད་འབྲེལ་མཐུད་ཚོགས་པའི་ཚོགས་འདུར་ཕེབས་རྒྱུ། ཚེས་ ༩ ཉིན་གནད་ཡོད་མི་སྣ་དང་མཇལ་འཕྲད་གནང་རྒྱུ། ཕྱི་ཟླ་ ༦ ཚེས་ ༡༠ ཉིན་ལྡི་ལི་ནས་རྡ་སར་ཕྱིར་ཕེབས་གནང་རྒྱུ་བཅས།།