ཕྱི་ལོ་ ༢༠༠༨ ཟླ་ ༠༦ ཚེས་ ༢༠ རེས་གཟའ་པ་སངས།
༄༅། །བོད་གཞུང་ལྡི་ལི་སྐུ་ཚབ་དོན་ཁང་ནས་གནས་ཚུལ་གནང་འབྱོར་ལྟར་ན། ཕྱི་ལོ་ ༢༠༠༡ ལོར་ཨ་རིར་ནང་མི་ཟླ་བསྒྲིལ་བསྐྱོད་མཁན་བོད་མི་ཚོའི་གནམ་གྲུའི་ཀྲི་ཀི་སི་པོ་ཏ་ལ་འགྲིམ་འགྲུལ་ལས་ཁང་ནས་ཉོ་མངགས་ཆེད་ལྡི་ལི་དོན་གཅོད་ཁང་ནས་ཕྱི་བསྐྱོད་ལག་འཁྱེར་ཞུ་བཅར་སྐབས་མི་རེ་ནས་དངུལ་སྒོར་ ༢༠༠༠། རེ་བཞེས་ཏེ་རྗེས་སུ་གནམ་གྲུའི་ཀྲི་ཀི་སི་ཉོས་རྗེས་དངུལ་འབབ་ཕྱིར་སློག་གནང་གི་ཡོད། འོན་ཀྱང་ཁྱིམ་ཚང་གྲངས་ ༧༩ ནས་དངུལ་འབབ་ཕྱིར་བཞེས་མ་གནང་སྟབས་ཕྱི་ལོ་ ༢༠༠༥ ཟླ་ ༢ ཚེས་ ༣ ཉིན་འདི་ནས་ཨ་རི་སྐུ་ཚབ་དོན་གཅོད་ལ་ཕྱག་བྲིས་གནང་བ་བཞིན་ཨ་རི་སྐུ་ཚབ་དོན་གཅོད་ནས་ ༢༠༠༥ ཕྱི་ཟླ་ ༢ ཚེས་ ༡༨ ཉིན་ཨ་རིར་བོད་མི་གནས་ཡུལ་ས་གནས་ཁག་ ༢༣ གི་ཚོགས་གཙོ་བརྒྱུད་ ༢༠༠༥ ཕྱི་ཟླ་ ༨ ཚེས་ ༢ ནང་ཚུད་བྱུང་འཛིན་མཉམ་འཁྲེར་གྱིས་རྒྱ་གར་ནང་ཡོད་ཕ་མ་སྤུན་གྲོགས་གང་རུང་བརྒྱུད་དངུལ་འབབ་ཕྱིར་བཞེས་དགོས་པའི་གསལ་བསྒྲགས་གནང་ཡོད་ཀྱང་ད་བར་དངུལ་འབབ་ཕྱིར་བཞེས་གནང་མཁན་བྱུང་མེད། ཐེངས་འདིར་བསྐྱར་དུ་གསལ་བསྒྲགས་འདི་བརྒྱུད་གོང་ཞུས་བཞིན་བྱུང་འཛིན་མཉམ་འཁྱེར་གྱིས་ ༢༠༠༨ ཟླ་ ༩ ཚེས་ ༣༠ ནང་ཚུད་དངུལ་འབབ་ཕྱིར་བཞེས་མ་གནང་ཚེ་གཞུང་དངུལ་ལ་ཕན་ཆེད་དངུལ་འབབ་ག་བསྒྱུར་ཞུ་རྒྱུ་ཡིན་པའི་གསལ་བསྒྲགས་བསྐྱངས་འདུག