༢༠༡༧ ཟླ་ ༤ ཚེས་ ༡༩ རེས་གཟའ་ལྷག་པ།
༄༅། །འདི་གར་ལྡི་ལི་ཤེས་དཔར་དབུས་ཡིག་ཚང་ནས་ཕྱི་ལོ་ ༢༠༡༧ ཟླ་ ༤ ཚེས་ ༡༨ ཉིན་བཏང་གནས་ནང་འཁོད་དོན། ཕྱི་ལོ་ ༢༠༡༧ ཟླ་ ༤ ཚེས་ ༡༧ ཉིན་ཤེས་རིག་དཔར་ཁང་གི་འགན་འཛིན་ལྷན་ཚོགས་ཐེངས་ ༤༢ པའི་ཐོག་འགན་ལྷན་ཚོགས་གཙོ་ཤེས་རིག་བཀའ་བློན་དངོས་གྲུབ་ཚེ་རིང་མཆོག་དབུ་བཞུགས་ཐོག་ཚོགས་གཞོན་ལྡི་ལི་དོན་གཅོད་སྐུ་ཚབ་བཀའ་ཟུར་འབྲོང་ཆུང་དངོས་གྲུབ་མཆོག
ཚོགས་མི་སྤྱི་འཐུས་ཚོགས་གཞོན་ཨཅཱརྱ་ཡི་ཤེས་ཕུན་ཚོགས་མཆོག ལྡི་ལི་བསམ་ཡས་གླིང་གི་བདེ་དོན་སྐུ་ཚབ། ཤེས་དཔར་འགན་འཛིན། ཤེས་དཔར་དྲུང་ཆེ་དང་སྤྱི་ཁྱབ་རྩིས་པ་གཅིག་ལྕོགས་བཅས་ལྡི་ལི་དོན་གཅོད་ཚོགས་ཁང་དུ་གྲོས་གཞི་གྲོས་ཆོད་དོན་ཚན་བཅུ་གཉིས་ཐོག་བཀའ་བསྡུར་བྱུང་བ་དང་ཕྱི་ལོ་ ༢༠༡༧་་་༡༨ སྔོན་རྩིས་ཧིན་སྒོར། ༣༠༧༥༣༡༣༩།༠༠ བཀའ་འཁྲོལ་གནང་ཡོད་པ་བཅས།།