༢༠༡༧ ཟླ་ ༤ ཚེས་ ༢༠ རེས་གཟའ་ཕུར་བུ།
༄༅། །འདི་གར་ཚོགས་དྲུང་ལས་ཁུངས་ནས་བཏང་གནས་ནང་འཁོད་དོན། སྐབས་ ༡༦ པའི་བོད་མི་མང་སྤྱི་འཐུས་རྣམས་བོད་མིིའི་འདུ་སྡོད་གཞིས་ཆགས་ཁག་ལ་ཕྱོགས་ཕེབས་གནང་རྒྱུའི་ས་བགོས་ཡོད་པ་ལྟར། ཕྱི་ལོ་ ༢༠༡༧ ཟླ་ ༤ ཚེས་ ༢༣ ནས་ ༢༩ བར་སྤྱི་འཐུས་ཐུབ་བསྟན་ལུང་རིགས་ལགས་དང་སྤྱི་འཐུས་མཁན་པོ་འཇམ་དཔལ་བསྟན་འཛིན་ལགས་རྣམ་གཉིས་མོན་གྷོ་འདོད་རྒུ་གླིང་གཞིས་ཆགས་དང་དེའི་ཁྱབ་ཁོངས་བོད་མི་གནས་ཡུལ་དུ་གཞུང་འབྲེལ་གཟིགས་སྐོར་གནང་རྒྱུ་ཡིན་འདུག་པ་བཅས།།