མདུན་ཤོག » གསར་གནས། » གསལ་བསྒྲགས། » སྤྱི་ཡོངས་གསལ་བསྒྲགས། »

ལས་བྱེད་གསར་འདེམས་གསལ་བསྒྲགས།

༢༠༡༧ ཟླ་ ༣ ཚེས་ ༡༥ རེས་གཟའ་ལྷག་པ།

༄༅། །རྡ་ས་གངས་སྐྱིད་ལས་བྱེད་གསོལ་ཁང་དུ་རྩིས་པ་དང་ཟོག་གཉེར་གཅིག་ལྕོགས་ཀྱི་ས་མིག་སྟོང་པ་གཅིག་ཡོད་ན། གཤམ་གསལ་ཆ་རྐྱེན་ཚང་ཐོག་ལས་བྱེད་དུ་ཞུགས་བློ་ཡོད་རིགས་ནས་ ༢༠༡༧ ཟླ་ ༤ ཚེས་ ༧ ཕྱི་དྲོ་ཚོུད་ ༥་༠༠ འགྱངས་མེད་དཔལ་འབྱོར་ལས་ཁུངས་ཀྱི་དྲུང་ཆེའི་མཚན་ཐོག་འཚང་སྙན་དང་ཡིག་ཆ་ཁག་ཕུལ་འབྱོར་ཟིན་པ་དགོས།

དགོས་ངེས་ཆ་རྐྱེན།

༡། བོད་ཀྱི་ཡུལ་མི་རང་ལོ་ ༢༡ ནས་མི་ཉུང་ཞིང་ ༤༧ ལས་མ་བརྒལ་བ།

༢། ཤེས་ཚད། རྩིས་ཀྱི་རིག་གཞུང་ཐོག་ཉེ་བའི་གཙུག་ལག་རབ་འབྱམས་པ་ (B.Com) ཐོན་པའི་ལག་འཁྱེར་ཡོད་ པའམ། ཡང་ན་འཛིན་རིམ་ ༡༢ ཐོན་སྟེ་ལོ་གསུམ་རིང་སྤྱི་སྒེར་ཚོགས་པ་གང་རུང་ནང་རྩིས་པའི་ལས་འཁུར་ ཞུས་མྱོང་ཡོད་པའི་ཡིག་ཐོག་བདེན་རྟགས།བོད་ཡིག་དང་ཨིན་ཡིག ཀམ་པུ་ཀྲར་རང་སྐྱ་འཕེར་ངེས་ཡོད་པ།

༣། རྒྱ་གར་ནང་གནས་སྡོད་ཆོག་པའི་སྐྱབས་བཅོལ་ལག་དེབ་དུས་འགྱངས་ཟིན་པའི་ངོ་བཤུས་སྟེང་ས་གནས་འགོ་ འཛིན་ནམ་བོད་མིའི་སྒྲིག་འཛུགས་ཀྱི་གནས་རིམ་ཟུང་དྲུང་ཡན་གྱི་དག་མཆན་འཁོད་པ།

༤། དྭང་བླངས་དཔྱ་དངུལ་ཕྱི་ལོ་ ༢༠༡༧ ཟླ་ ༣ ཚེས་ ༣༡ བར་ཕུལ་ཟིན་པའི་བདེན་རྟགས་བཅས་ཀྱི་ངོ་བཤུས་ སྟེང་ས་གནས་འགོ་འཛིན་ནམ་བོད་མིའི་སྒྲིག་འཛུགས་ཀྱི་གནས་རིམ་ཟུང་དྲུང་ཡན་གྱི་དག་མཆན་འཁོད་པ།

༥། འགོས་ནད་མེད་པ་དང་གཟུགས་གཞི་བདེ་ཐང་ལས་འཕེར་ཡིན་པའི་སྨན་པ་ཚད་ལྡན་ནས་ངོ་སྦྱོར་ངོ་མ།

༦། རྒྱུན་དུ་བྱ་སྤྱོད་ཉེས་སྐྱོན་མེད་པའི་ས་གནས་འགོ་འཛིན་ནས་རྒྱབ་གཉེར་ངོས་སྦྱོར་ངོ་མ།

༧། ད་ལྟ་ལས་ཀ་བྱེད་མུས་ཡིན་ཚེ་འབྲེལ་ཡོད་ནས་དགག་ཆ་མེད་པའི་ངོས་སྦྱོར་ངོ་མ།

༨། དོ་བདག་སོ་སོར་འབྲེལ་བ་ཞུ་བདེའི་སླད་ཁ་བྱང༌། གློག་འཕྲིན། ཁ་པར་ཨང་གྲངས་སོགས་འཚང་སྙན་ནང་ཁ་ གསལ་བཀོད་དགོས། ཆ་རྐྱེན་ཚང་བ་རྣམས་ལ་འདེམས་རྒྱུགས་ཀྱི་ཟླ་ཚེས་སྐབས་མཚམས་ཐག་གཅོད་ཀྱིས་ལན་ གསལ་བྱ་རྒྱུ།
གོང་གསལ་ས་དམིགས་ཐོག་གདམས་བསྒྲུག་བྱུང་རྗེས་ཟླ་དྲུག་རིང་ཚོད་བལྟ་དང་དེ་རྗེས་ལོ་གཉིས་རིང་ཆོད་གན་ཐོག་བསྐོ་གཞག་རྗེས་བབ་གཟིགས་ཀྱིས་ལས་བྱེད་གསོལ་ཁང་གི་ལས་བྱེད་ངོ་མར་བསྐོ་གཞག་གནང་རྒྱུ་ཡིན་པ་བཅས་ཀྱི་ཡོངས་ཁྱབ་གསལ་བསྒྲགས་སུ། དཔལ་འབྱོར་ལས་ཁུངས་ནས་ ༢༠༡༧ ཟླ་ ༣ ཚེས་ ༡༤ ལ།

Share with your friends










Submit