༢༠༡༣ ཟླ་ ༩ ཚེས་ ༡༩ རེས་གཟའ་ཕུར་བུ།
༄༅། །བོད་མིའི་སྒྲིག་འཛུགས་དཔལ་འབྱོར་ལས་ཁུངས་ཀྱི་ཁྱབ་ཁོངས་སྤྱི་ཚོགས་ཡར་རྒྱས་ཐེབས་རྩའི་Social and Resource Development བུད་མེད་ནུས་ཤུགས་གོང་འཕེལ་ཚན་པས་ The Women’s Empowerment Desk གོ་སྒྲིག་འོག ཕྱི་ལོ་ ༢༠༡༢ ལོའི་བཙན་བྱོལ་བོད་མིའི་སྤྱི་ཚོགས་ནང་བུད་མེད་ཀྱི་གནས་བབ། ‘Status of Tibetan Women in Exile – 2012.’ ཅེས་པའི་ལོ་འཁོར་སྙན་ཐོ་ཞིག་ཕྱི་ལོ་ ༢༠༡༣ ཟླ་ ༩ ཚེས་ ༡༨ རེས་གཟའ་ལྷག་པའི་ཉིན་དང་སྟབས་བསྟུན་ནས་བཏོན་འདུག སྙན་ཐོ་དེའི་ནང་རྒྱ་གར་བྱང་ཕྱོགས་དང་། བྱང་ཤར། དབུས། ལྷོ་ཕྱོགས་སོགས་སུ་གནས་སྡོད་བྱེད་བཞིན་པའི་བཙན་བྱོལ་བོད་པའི་བུད་མེད་ཁག་གཅིག་ལ་དྲི་བ་བཏང་ཡོད། དེ་ནི་བོད་པའི་བུད་མེད་ཁྱོན་ཡོངས་ཀྱི་བརྒྱ་ཆ་ནས་བརྒྱ་ཆ་དྲུག་ཙམ་ལོང་བཞིན་ཡོད། དེ་ཡང་ཁོང་ཚོར་དྲི་བ་གཏོང་རྒྱུའི་གནད་དོན་གཙོ་བོ་རྣམས་ནི་ཤེས་ཡོན་དང་འགོ་ཁྲིད་ཀྱི་ཉམས་མྱོང་། ཆང་ས། འཕྲོད་བསྟེན། དཔལ་འབྱོར་འདུ་དགོས་སོགས་ཡིན་འདུག ལས་གཞི་དེར་སློབ་སྟོན་གནང་མཁན་ཉམས་ཞིབ་པ་མཁས་དབང་སྐུ་ཞབས་གྷེ་རེ་སི་ཧེན་རི་Dr. Grace Henry མཆོག་དང་། སྐུ་ཞབས་ཨར་ཝིན་དི་རཱ་ཇི་Dr. Aravind Raj མཆོག་ཡིན་འདུག ལས་གཞི་དེ་དངོས་སུ་ལག་བསྟར་གནང་མཁན་ངག་དབང་བསྟན་འཛིན་ལགས་དང་། བསྟན་འཛིན་ནོར་སྐྱིད་ལགས། པདྨ་ཆོས་སྒྲོན་ལགས། བདེ་སྐྱིད་སྒྲོལ་དཀར་ལགས། བསྟན་འཛིན་ཚེ་དབྱངས་ལགས་བཅས་ཡིན་འདུག