༢༠༡༣ ཟླ་ ༥ ཚེས་ ༢༣ རེས་གཟའ་པ་སངས།
༄༅། །ཕྱི་ལོ་ ༢༠༡༣ ཟླ་ ༥ ཚེས་ ༢༥ རེས་གཟའ་སྤེན་པའི་ཉིན་དཔལ་ལྡན་དགའ་ལྡན་ཕོ་བྲང་ཡིག་ཚང་ནས་ཧིན་སྐད་ཐོག་ཏཱ་ལའི་བླ་མའི་དྲ་རྒྱ་གསར་པ་ www.dalailamahindi.com ཞེས་པ་དབུ་འབྱེད་གནང་རྒཡུ་ཡིན་སྐོར་སྐུ་སྒེར་དྲུང་འཕར་བསྟན་འཛིན་སྟག་ལྷ་ལགས་ཀྱིས་གསུང་དོན། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཡང་ཡང་རྒྱ་གར་གྱི་བུ་ཡིན་ཞེས་བཀའ་སློབ་སྩོལ་བཞིན་ཡོད། དེར་བརྟེན་ཐེངས་འདིར་ཧིན་སྐད་ཐོག་ཏཱ་ལའི་བླ་མའི་དྲ་རྒྱ་གསར་པ་ Hindi Language Websiteདབུ་འབྱེད་མཛད་པ་བརྒྱུད་རྒྱ་གར་བ་གང་མང་ལ་འབྲེལ་འཐུད་ཡོང་རྒྱུར་དགོངས་བཞེས་མཛད་པ་ཞིག་ཡིན་པ་ཆོས་ཉིད་རེད། ཅེས་གསུངས་འདུག ཐེངས་འདིར་ཧིན་སྐད་ཐོག་༸གོང་ས་མཆོག་གི་མཚན་བྱང་ཐོག་གསར་སྐྲུན་གནང་རྒྱུའི་དྲ་རྒྱ་འདི་བརྒྱུད་འཕགས་ཡུལ་གྱི་མི་མང་ཧ་ཅང་མང་པོར་༸གོང་ས་མཆོག་གི་མཛད་འཕྲིན་དང་ཆོས་འབྲེལ་ཤེས་རྟོགས་ཡོང་རྒྱུར་ཕན་ཐོགས་ཆེན་པོ་ཡོང་རྒྱུ་ཡིན་འདུག་པ་བཅས།།