༢༠༠༩ ཕྱི་ཟླ་ ༥ ཚེས་ ༥ རེས་གཟའ་མིག་དམར།
༄༅། །འདི་གར་ཁུངས་ལྡན་གྱི་གནས་ཚུལ་འབྱོར་གསལ་ལྟར་ན། ཨོ་རི་ས་ཕུན་ཚོགས་གླིང་གཞིས་སྒར་གྱི་ཉེ་འཁྲིས་ཀོལ་མ་རི་ན་ཡ་ས་ཡི་ཞེས་པའི་གྲོང་གསེབ་ཏུ་གནས་སྡོད་བྱེད་བཞིན་པའི་རྒྱ་གར་ཡུལ་མི་ཁྱིམ་ཚང་ ༡༤ མེ་སྐྱོན་བྱུང་སྟེ་ཁང་པ་དང་། ཅ་དངོས། དེ་བཞིན་བཟའ་བཅའི་རིགས་བཅས་མེ་སྲེག་གིས་ཁྱིམ་གཞིས་དེ་དག་ལ་གྱོང་གུན་ཚབས་ཆེ་ཕོག་སྟེ་དཀའ་ངལ་ཧ་ཅང་ཆེན་པོ་འཕྲད་དེ་ཡིད་སྐྱོའི་གནས་ཚུལ་བྱུང་བར་རང་རེའི་མི་མང་རྣམས་ནས་གདུང་སེམས་མཉམ་སྐྱེ་མཚོན་ཆེད་གཞིས་གྲོང་ཁག་གི་སྤྱི་མི་བརྒྱུད་བློས་བཅད་ཀྱི་ཞལ་འདེབས་གནང་ཁོངས་གཞིས་གྲོང་དང་པོ་ནས་ཧིན་སྒོར་ ༡༣༤༢།༠༠ དང་། གཞིས་གྲོང་གཉིས་པ་ནས་ཧིན་སྒོར་ ༧༣༩།༠༠ གཞིས་གྲོང་གསུམ་པ་ནས་ཧིན་སྒོར་ ༤༦༤༠།༠༠ གཞིས་གྲོང་བཞི་པ་ནས་ཧིན་སྒོར་ ༡༣༥༠།༠༠ གཞིས་གྲོང་ལྔ་པ་ནས་ཧིན་སྒོར་ ༣༩༡༢ བཅས་གནང་སྟེ་ཁྱོན་བསྡོམས་ཧིན་སྒོར་ ༡༡༩༨༣།༠༠ བཅས་ཞལ་འདེབས་ཕུལ་བས་ཁུལ་གནས་གྲོང་གསེབ་ཀྱི་བཟའ་མི་བུ་ཕྲུག་རྣམས་དགའ་ཚོར་ཆེན་པོ་བྱུང་བ་བཅས་ཀྱི་གནས་བསྡུས་སུ།