ཕྱི་ལོ་ ༢༠༠༩ ཟླ་ ༣ ཚེས་ ༤ རེས་གཟའ་ལྷག་པ།
༄༅། །བོད་ཀྱི་ཆོས་བརྒྱུད་ཆེན་པོ་བཞི་དང་གཡུང་དྲུང་བོན་དང་བཅས་པའི་ཆོས་ཚོགས་ཐེངས་བཅུ་པ་ཕྱི་ལོ་ ༢༠༠༩ ཕྱི་ཟླ་ ༣ ཚེས་ ༦ ནས་ ༨ བར་ཉིན་གྲངས་གསུམ་རིང་རྡ་ས་བཞུགས་སྒར་ཐེག་ཆེན་ཆོས་གླིང་ཕོ་བྲང་གི་ཚོམས་ཆེན་དུ་ཚུགས་གཏན་འཁེལ་ཡོད་པ་དང་། ཚེས་ ༨ ཉིན་ཆོས་ཚོགས་ཀྱི་ཚོགས་འདུའི་མཇུག་བསྡོམས་ཉིན་བོད་གངས་ཅན་པ་རྣམས་ཀྱི་མགོན་སྐྱབས་༸གོང་ས་ལྷ་མིའི་རྣམ་འདྲེན་༸རྒྱལ་དབང་སྐུ་འཕྲེང་བཅུ་བཞི་པ་ཆེན་པོ་མཆོག་ཆིབས་སྒྱུར་བཀའ་དྲིན་བསྐྱང་རྒྱུ་ཡིན་འདུག
དེ་བཞིན་ཕྱི་ཚེས་ ༩ ཉིན་བོད་གཞིས་བྱེས་ལྷ་མི་ཡོངས་ནས་༸གོང་ས་ལྷ་མིའི་རྣམ་འདྲེན་སྐུ་འཕྲེང་བཅུ་བཞི་པ་ཆེན་པོ་མཆོག་ལ་དག་སྣང་གསང་བ་རྒྱ་ཅན་གྱི་ནང་ཚན་ཚེ་དཔག་མེད་དྭངས་མ་བཅུད་འདྲེན་གྱི་སྒོ་ནས་བརྟན་བཞུགས་རྒྱས་པ་འབུལ་ལམ་ཞུ་རྒྱུའི་བཀའ་བཞེས་ཟབ་མོ་སྨིན་སྩལ་བྱུང་ཡོད་པ་རེད།
ཕྱི་ཚེས་ ༡༠ ཉིན་བོད་མིའི་ཞི་བའི་སྒེར་ལངས་དང་གཞུང་མང་བཙན་བྱོལ་དུ་འབྱོར་ཏེ་མི་ལོ་ ༥༠ འཁོར་བའི་དམིགས་བསལ་དུས་དྲན་སྲུང་བརྩི་ཟབ་རྒྱས་ཞུ་རྒྱུ་བཅས་ཀྱི་གནས་བསྡུས་སུ།