༄༅། །ཕྱི་ལོ་ ༢༠༢༥ ཟླ་བ་ ༢ ཚེས་ ༢༥ རེས་གཟའ་མིག་དམར་ཉིན་དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་ཧོན་སུར་རབ་རྒྱས་གླིང་དུ་རྟེན་གཞི་བྱས་པའི་རྫོང་དཀར་ཆོས་སྡེའི་གཡག་བཟང་གར་འཆམ་ཐོག་སྐུ་མགྲོན་གཙོ་བོར་གདན་ཞུས་ལྟར་ཆེད་ཕེབས་གནང་ཡོད། གཡག་བཟང་གར་འཆམ་གཟིགས་འབུལ་ཐོག་ས་གནས་ཀྱི་དགོན་སྡེ་ཁག་གི་མཁན་རིན་པོ་ཆེ་རྣམ་པ་དང་། བོད་མི་མང་ཕྱོགས་བཞུགས་སྤྱི་འཐུས་མི་འགྱུར་རྡོ་རྗེ་ལགས། ལྷོ་སྤྱི་འཇིགས་མེད་ཚུལ་ཁྲིམས་ལགས། ཧོན་སུར་ས་གནས་འགོ་འཛིན་ནོར་བུ་ཚེ་རིང་ལགས། དེ་བཞིན་གཞུང་དང་གཞུང་ཁོངས་མ་ཡིན་པའི་ཚོགས་སྡེ་ཁག་གི་ལས་སྣེ་རྣམ་པ་དང་ས་གནས་ཚོགས་བཅས་ལྷན་འཛོམས་གནང་ཡོད།
གཞན་ཡང་ཕྱི་ཚེས་ ༢༦ ཉིན་དཔལ་ལྡན་སྲིད་སྐྱོང་མཆོག་གིས་ཧོན་སུར་རབ་རྒྱས་གླིང་བོད་མིའི་གཞིས་ཆགས་ཀྱི་གཞིས་གྲོང་ཁག་ཏུ་འཚམས་གཟིགས་དང་། གཞིས་གྲོང་ཁག་སོ་སོར་གསུང་བཤད་གནང་སྐབས་གཙོ་བོ་བོད་སྤྱི་པའི་སླད་དུ་ཚང་མས་ནུས་པ་མཉམ་སྤུངས་གནང་དགོས་པའི་གལ་གནད་དང་། བཀའ་ཤག་སྐབས་བཅུ་དྲུག་པའི་ངོས་ནས་མི་མང་གི་དགོས་མཁོ་ལ་དཔག་པའི་མཐུན་འགྱུར་རོགས་རམ་གནང་རྒྱུའི་སྐོར་གསུངས་ཡོད།།
དཔལ་ལྡན་སྲིད་སྐྱོང་མཆོག་གིས་ཧོན་སུར་རབ་རྒྱས་གླིང་བོད་མིའི་གཞིས་ཆགས་སུ་གཞུང་འབྲེལ་འཚམས་གཟིགས་ལེགས་པར་མཇུག་སྒྲིལ་བ།
གསར་གནས།

འབྲེལ་གནས།