༄༅། །ཕྱི་ལོ་ ༢༠༢༥ ཟླ་བ་ ༠༥ ཚེས་ ༡༩ དང་ ༢༠ བཅས་ཉིན་གཉིས་རིང་སྦན་ད་ར་ས་གནས་འགོ་འཛིན་ལས་ཁུངས་ཀྱི་ས་གནས་འགོ་འཛིན་ཀརྨ་བློ་གྲོས་བཟང་པོ་ལགས་དང་། ཚབ་གསར་ས་གནས་འགོ་འཛིན་བསྟན་འཛིན་ཚངས་པ་ལགས་རྣམ་གཉིས་དབར་ལས་འགན་རྩིས་སྤྲོད་རྩིས་ལེན་ལེགས་གྲུབ་བྱུང་ཡོད།
དེ་ཡང་རྩིས་སྤྲོད་རྩིས་ལེན་གྱི
ཕྱི་ཚེས་ ༢༠ ཉིན་གྱི་སྔ་དྲོ་ཆུ་ཚོད་ ༡༠ པའི་ཐོག་ས་གནས་འགོ་འཛིན་ལས་ཁུངས་སུ་ས་གནས་འགོ་འཛིན་གསར་རྙིང་བར་གྱི་ཞབས་སྟེགས་བརྗེ་ལེན་གནང་ཡོད། སྐབས་དེར་ས་གནས་ཀྱི་གཞུང་དང་གཞུང་ཁོངས་མིན་པའི་ལས་ཀྱི་སྣེ་མོ་མང་དག་ཅིག་ཕེབས་ཏེ་རྟེན་འབྲེལ་གྱི་མཇལ་དར་མགྲོན་གནང་སོང་། དེ་རྗེས་སེར་བྱེས་ཡན་ལག་ཐེག་ཆེན་གླིང་དགོན་པའི་ནང་ས་གནས་འགོ་འཛིན་གསར་རྙིང་དང་མི་མང་ཐུག་འཕྲད་ཀྱི་ལས་རིམ་དེའི་ཁྲོད། ས་གནས་འགོ་འཛིན་ཀརྨ་བློ་གྲོས་བཟང་པོ་ལགས་ཀྱི་འདས་པའི་ལོའི་ནང་རང་ཉིད་ལ་མྱོང་བ་མངོན་སུམ་དང་ཉམས་མྱོང་ཇི་བསགས་སོགས་ཀྱི་གསུང་བཤད་གནང་ཞིང་ས་གནས་འགོ་འཛིན་གསར་པ་བསྟན་འཛིན་ཚངས་པ་ལགས་ཀྱིས་ཀྱང་མི་མང་རྣམས་ལ་འཚམས་འདྲི་གསུང་བཤད་གནང་སོང་། འཚམས་འདྲིའི་གསུང་བཤད་རྗེས་ནང་སྲིད་ལས་ཁུངས་ནས་སྤྲོད་དཔང་དུ་ཕེབས་པའི་ཟུང་དྲུང་བསྟན་འཛིན་ཀུན་བཟང་ལགས་ཀྱིས་སྤྲོད་དཔང་གནང་སྐབས་རང་ཉིད་ཀྱི་གཟིགས་ཚུལ་ཇི་བྱུང་མང་ཚོགས་ལ་གསལ་བཤད་ཀྱང་གནང་ཡོད།
ཕྱི་ཚེས་ ༢༠ ཉིན་རྒྱབ་ས་གནས་འགོ་འཛིན་ཟུར་པས་ས་འགོ་ཚབ་གསར་དང་། ཟུང་དྲུང་བསྟན་འཛིན་ཀུན་བཟང་ལགས། དེ་བཞིན་འབྲེལ་ལས་བསོད་ནམས་རྡོ་རྗེ་ལགས་རྣམས་ལ་ས་གནས་ཀྱི་གནད་ཡོད་དཔོན་རིགས་ཏེ་ས་གནས་ཀྱི་རྫོང་དཔོན་གཞོན་པ་ SDM དང་། སྐོར་སྲུང་འགོ་དཔོན། SHO,Forest Officer སོགས་མཐུག་འཕྲད་གནང་ཡོད་པ་བཅས།།