
དེ་ཡང་མཇལ་འཕྲད་སྐབས་སྤྱི་འཐུས་རྣམ་གཉིས་ཀྱིས་གྲོས་ཚོགས་འཐུས་མི་ཁོང་ལ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ལྗགས་རྩོམ་མཛད་པའི་བོད་དང་བོད་མིའི་མགྲིན་ཚབ་ (Voice for the Voiceless) ཅེས་པའི་ཕྱག་དེབ་ཕུལ་བ་དང་སྦྲགས། བོད་དོན་ཐོག་ཐུགས་སྣང་དང་། དམིགས་བསལ་ས་གནས་བོད་མི་རྣམས་ལ་མཐུན་འགྱུར་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞུས་པ་དང་། སླད་མར་ཡང་སྔར་བཞིན་རྒྱབ་སྐྱོར་གནང་རོགས་ཞེས་རེ་སྐུལ་ཞུས་གནང་འདུག
སྐབས་དེར་བསྟན་འཛིན་སྒང་ས་གནས་འགོ་འཛིན་རབ་བརྟན་ཚེ་རིང་ལགས་མཉམ་བཅར་ཞུས་འདུག་པ་བཅས། །


