༄༅། །བོད་མིའི་སྒྲིག་འཛུགས་ནས་འདི་ལོ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཕྱི་ལུགས་དགུང་གྲངས་ ༩༠ ལ་ཕེབས་པའི་༸སྐུའི་གོ་སྟོན་གྱི་འཁྲུངས་སྐར་སྲུང་བརྩི་ཞུ་རྒྱུའི་ལས་རིམ་ཁོངས། ཆོས་རིག་ལས་ཁུངས་ནས་བོད་ཀྱི་ཐུན་མོང་མ་ཡིན་པའི་རི་མོའི་སྒྱུ་རྩལ་ཐོག་ནས་༸མགོན་པོ་མཆོག་གི་མཛད་པ་འཕྲིན་ལས་མངོན་གསལ་འདོན་ཐུབ་པའི་རི་མོའི་སྒྱུ་རྩལ་འགྲན་སྡུར་ཞིག་གོ་སྒྲིག་ཞུ་རྒྱུ་ཡིན། འགྲན་སྡུར་གྱི་ལས་གཞི་འདིས་༸མགོན་པོ་མཆོག་གིས་འཛམ་གླིང་ཞི་བདེ་དང་། ཁོར་ཡུག་སྲུང་སྐྱོབ། འགྲོ་བ་མི་གཅིག་མཚུངས་ཀྱི་འདུ་ཤེས། བོད་མིའི་རྩ་དོན་སོགས་ཀྱི་མཛད་འཕྲིན་ཁག་རི་མོའི་འབྲི་རྩལ་ལམ་ནས་ངོ་སྤྲོད་ཞུ་རྒྱུའི་ཆེད་དུ་དམིགས་པ་ཞིག་ཡིན། དེའི་ཞོར་ལ་བོད་ཀྱི་རི་མོའི་སྒྱུ་རྩལ་ཁྱབ་བསྒྲགས་དང་། རང་ཉིད་ཀྱི་སྒྱུ་རྩལ་སྟོན་སའི་སྡིངས་ཆ་ཞིག་ཆགས་ཀྱི་ཡོད་སྟབས། སྒྱུ་རྩལ་བ་གང་མང་གིས་རི་མོའི་སྒྱུ་རྩལ་འགྲན་སྡུར་འདིར་མཉམ་ཞུགས་གནང་བའི་རེ་བ་ཞུ་རྒྱུ་ཡིན། ཐོ་གཞུང་འབྱོར་བའི་ནང་ནས་རི་མོའི་སྒྱུ་རྩལ་བ་གྲངས་ ༤༠ དྲག་འདེམས་ཀྱིས་དྷ་སར་ཆེད་སྐོང་ཞུས་ཏེ་རི་མོའི་སྒྱུ་རྩལ་འགྲན་སྡུར་ཞུ་རྒྱུ་ཡིན་ན། ཕྱི་ལོ་ ༢༠༢༥ ཟླ་ ༦ ཚེས་ ༥ བར་དུ་གཤམ་འཁོད་གློག་འཕྲིན་ཐོག་དགོས་ངེས་ཡིག་ཆ་དང་ལྷན་དུ་འཚང་སྙན་འབུལ་དགོས་པ་བཅས། ཆོས་རིག་ལས་ཁུངས་ནས། ཕྱི་ལོ་ ༢༠༢༥ ཟླ་ ༥ ཚེས་ ༥ ལ།།
ལས་གཞི་སྤེལ་ཡུལ་ས་གནས། བཞུགས་སྒར་དྷ་ས།
ཐོ་འགོད་དུས་བཀག ཕྱི་ལོ་ ༢༠༢༥ ཟླ་ ༦ ཚེས་ ༥
སྒྱུ་རྩལ་བའི་གྲངས་ཚད། ༣༠
མཐུན་འགྱུར། ལམ་གྲོན་དང་། ཞལ་ལག རི་མོའི་ཡོ་ཆས།
བྱ་དགའ།
- ཨང་དང་པོར་ཧིན་སྒོར། ༤༠༠༠༠
- ཨང་གཉིས་པར་ཧིན་སྒོར། ༣༠༠༠༠
- ཨང་གསུམ་པར་ཧིན་སྒོར། ༢༠༠༠༠
- མཉམ་ཞུགས་པ་གཞན་ལ་ཐུགས་གསོའི་བྱ་དགའ་སྒོར་ ༥༠༠༠ རེར།
ཆ་རྐྱེན།
- དོ་བདག་གི་དང་བླངས་དཔྱ་དངུལ་འབུལ་འབབ་གཙང་ཕུལ་ཟིན་པའི་ལག་དེབ་ཀྱི་ངོ་བཤུས།
- རང་ཉིད་ཀྱིས་བྲིས་པའི་རི་མོ་ལེགས་གྲས་ཤིག་གི་ངོ་བཤུས།
འབྲེལ་བ་བྱེད་ཡུལ།
Department of Religion & Culture
Central Tibetan Administration
Dharamshala-176215 (H.P) INDIA
☎+91- 9816743672 / 8296450233