

མཇལ་འཕྲད་སྐབས། བོད་མི་མང་སྤྱི་འཐུས་རྣམ་གཉིས་ཀྱིས་བློན་ཆེན་མཆོག་ལ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ལྗགས་རྩོམ་མཛད་པའི་བོད་དང་བོད་མིའི་མགྲིན་ཚབ་ (Voice for the Voiceless) ཞེས་པའི་ཕྱག་དེབ་ཕུལ་བ་དང་སྦྲགས། བོད་དོན་ཐོག་སྔར་བཞིན་རྒྱབ་སྐྱོར་གནང་རྒྱུའི་རེ་སྐུལ་ཞུས་འདུག
སྐབས་དེར་སྤྱི་འཐུས་རྣམ་གཉིས་དང་ལྷན་ས་གནས་འཐུས་ཚོགས་ཀྱི་ཚོགས་གཙོ་ངག་དབང་དོན་འགྲུབ་ལགས་དང་། ས་གནས་འགོ་འཛིན་ལས་ཁུངས་ཀྱི་ལས་དྲུང་ཚེ་རིང་ཆོས་འཕེལ་ལགས་རྣམ་གཉིས་མཉམ་བཅར་ཞུས་འདུག་པ་བཅས། །


