
དེ་ཡང་སྤྱི་འཐུས་རྣམ་པ་གཉིས་ཕྱི་ལོ་ ༢༠༢༥ ཟླ་བ་ ༤ པའི་ཚེས་ ༢༡ ཉིན་བཞུགས་སྒར་དྷ་རམ་ས་ལ་ནས་ལྡི་ལི་བརྒྱུད་བྷག་ཊོ་རར་ཕེབས་ཡོད་པ་དང་། ཕྱི་ཚེས་ ༢༢ ཉིན་ཇཡེ་སྒང་ས་གནས་སུ་ལས་རིམ། ཕྱི་ཚེས་ ༢༣ ཉིན་ཨོཌ་ལ་བྷ་རིར་ལས་རིམ། ཕྱི་ཚེས་ ༢༤ ནས་ ༢༦ བར་ཀ་སྦུག་ཁུལ་ལ་ལས་རིམ། ཕྱི་ཚེས་ ༢༧ ཉིན་ར་ཝང་ལ་ཀུན་ཕན་གླིང་གཞིས་ཆགས་སུ་ལས་རིམ། ཕྱི་ཚེས་ ༢༨ ནས་ཟླ་ ༥ པའི་ཚེས་ ༢ བར་སྒང་ཏོག་ཁུལ་ལ་ལས་རིམ། ཕྱི་ཚེས་ ༣ ཉིན་ས་ལུ་སྒར་དུ་ལས་རིམ། ཕྱི་ཚེས་ ༤ ཉིན་ལྡི་ལི་བརྒྱུད་བཞུགས་སྒར་དྷ་རམ་ས་ལར་ཕྱིར་ཕེབས་གནང་རྒྱུ་ཡིན་པ་བཅས། །